ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་བོད་ཀྱི་ལོ་སར་སྲུང་བརྩིའི་མཛད་སྒོ་ཚོགས་འདུག


2020.02.19
ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་ཡོད་པ། ༢༠༢༠།༢།༡༨།ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤེ་ཡ་དང་ཞི་བདེ་ལས་དོན་ལས་ཁུངས་ཀྱི་དྲུང་ཆེ་ལས་རོགས་ཌེ་ཝིཌ་སཊིལ་ཝེལ་(David R.Stilwell) མཆོག་ལོ་གསར་མཛད་སྒོར་ཕེབས་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། པ་སངས་དོན་ལྡན།

ཨ་རིའི་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཆེ་མཐོང་མཚོན་ཆེད་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་བོད་ཀྱི་ལོ་སར་སྲུང་བརྩིའི་མཛད་སྒོ་ཚོགས་འདུག
སྤྱི་ཟླ་ ༢ ་པའི་ཚེས་ ༡༨ ་ཉིན། ཨ་རིའི་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཆེ་མཐོང་མཚོན་ཆེད། བོད་རྒྱལ་ལོ་༢༡༤༧ ་ལྕགས་བྱི་གནམ་ལོ་གསར་བཞད་ཀྱི་མཛད་སྒོ་ཞིག་ཨ་རིའི་རྒྱལ་སར་ཡོད་པའི་ཕྱི་སྲིད་ལྷན་ཁང་གི་ཚོགས་ཁང་ཞིག་ཏུ་འཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤེ་ཡ་དང་ཞི་བདེ་ལས་དོན་གྱི་དྲུང་ཆེ་ལས་རོགས་སྐུ་ཞབས་(David Stilwell)་གཙོ་བོར་གྱུར་པའི་ཕྱི་སྲིད་ལས་ཁང་གི་ལས་བྱེད་མི་སྣ་དང་། བོད་དང་འབྲེལ་བའི་སྐུ་མགྲོན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན། གཞན་ཡང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་གིས་དབུས་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་གནས་པའི་བོད་རིགས་ཚོགས་པའི་སྐུ་ཚབ་སོགས་མཉམ་ཞུགས་ཀྱིས་མཛད་སྒོ་ཚོགས་ཡོད།
ཚོགས་ཐོག་ཏུ་ཨ་རིའི་ཕྱི་སྲིད་ལས་ཁང་གི་སྐུ་ཞབས་(David Stilwell)་མཆོག་གིས་གཏམ་བཤད་གནང་བའི་ནང་དུ། སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་དང་། བྱམས་བརྩེ་དར་སྤེལ་གནང་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པའི་བསྔགས་བརྗོད་དང་འབྲེལ་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཀྱི་བདག་དབང་དེ་བོད་མི་དམངས་ལ་ཡོད་པ་དེར་རྒྱབ་སྐྱོར་མུ་མཐུད་ནས་གནང་རྒྱུ་ཡིན་ཞེས་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་ཀྱི་ལོ་སར་སྲུང་རྩི་ཞུ་རྒྱུའི་ལམ་སྲོལ་བཙུགས་ཡོད་པ་དེར་དགའ་ཚོར་ཆེན་པོས་མུ་མཐུད་དུ་རྒྱུན་འཁྱོངས་ཞུ་རྒྱུ་ཡིན་པ་མ་ཟད། བོད་ཀྱི་རིག་གཞུང་དང་ཆོས་ལུགས་དེ་རྩ་ཆེན་དུ་ངོས་འཛིན་གྱིས་ཨ་རིའི་གཞུང་གིས་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་སྐོར་སོགས་གསུངས་ཡོད་འདུག
ཡང་ཚོགས་ཐོག་ཏུ་བྱང་ཨ་རིའི་སྐུ་ཚབ་དངོས་གྲུབ་ཚེ་རིང་ལགས་ཀྱིས། ཨ་རིའི་གཞུང་དམངས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་བཞགགནང་རྒྱུའི་རེ་བ་ཡོད་པའི་སྐོར་ནན་གསུངས་གནང་ཡོད།
ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་ཀྱི་ལོ་སར་སྲུང་རྩི་ཞུ་རྒྱུའི་ལམ་སྲོལ་དེ་ནི། སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོ་ནས་གསར་འཛུགས་གནང་བ་ནས་བཟུང་ལོ་ལྟར་བོད་ཀྱི་ལོ་སར་གྱི་དུས་སྟོན་སྲུང་བརྩི་ཞུ་བཞིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎