ལོ་གསར་ཉིན་ཆོས་ཕྱོཌ་ཐོག་ནས་གསོལ་བ་སྨོན་ལམ་འདེབས་རྒྱུ།

༸གོང་ས་མཆོག་གིས་བོད་ཀྱི་ལོ་གསར་ཉིན་དགའ་དགའ་སྐྱིད་སྐྱིད་བྱེད་མི་དགོས་སྐོར་བོད་མི་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་འདུག

2010.02.14

༄༅༎བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ལོ་གསར་ཉིན་ཆོས་ཕྱོགས་ཐོག་ནས་གསོལ་བ་སྨོན་ལམ་འདེབས་རྒྱུ་ལས་དགའ་དགའ་སྐྱིད་སྐྱིད་བྱེད་མི་དགོས་སྐོར་ཁ་ས་ལོ་གསར་ཚེས་གཅིག་ཉིན་བོད་མི་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་འདུག

ཁ་ས་ལོ་གསར་ཚེས་༡སྔ་དྲོར་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཕྱི་ནང་གཉིས་སུ་འཁོད་པའི་བོད་མི་དང་བོད་དང་ཆོས་གཙོས་པའི་རིག་གཞུང་གཅིག་མཚུངས་ཡིན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ སོག་པོ་ ནུབ་ཕྱོགས་པའི་ཆོས་གྲོགས་རྣམས་ དེ་བཞིན་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་གྲོགས་པོ་རྣམས་ལ་ལོ་གསར་གྱི་འཚམས་འདྲི་གནང་བའི་རྗེས་སུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུངས་ཆོས་ར་བའི་ནང་ཆེད་བཅར་ཞུས་པའི་བོད་མི་གཙོས་པའི་ཕྱི་ནང་མི་མང་རྣམས་ལ་བཀའ་སློབ་སྩལ་བ་དང་ ཕྱི་ལོ་༢༠༠༨་ལོའི་སུམ་ཅུའི་དུས་དྲན་ཉིན་ནས་བཟུང་བོད་ནང་བོད་མིའི་ཞི་རྒོལ་ཆེན་མོའི་ནང་བོད་མི་མང་པོ་རྐྱེན་ལམ་དུ་ཕྱིན་པ་དང་གར་སོང་ཆ་མེད་དུ་འགྱུར་བ་ རྒྱ་མིའི་འཛིན་བཟུང་དོ་དམ་དང་བཙོན་འཇུག་འོག་སྡུག་བསྡལ་ཚབས་ཆེ་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་ཕྱིར་ཕྱི་ལོ་༢༠༠༩་ལོར་ཡང་བོད་ཕྱི་ནང་གཉིས་སུ་འཁོད་པའི་བོད་མི་རྣམས་ཀྱིས་ལོ་གསར་སྲུང་བརྩི་ཞུས་མེད་སྟབས་ གཞུང་འབྲེལ་སྒོ་ནས་ལོ་གསར་སྲུང་བརྩི་མ་ཞུས་པ་ད་ལོ་ལོ་གཉིས་པ་དེ་ཡིན་པ་རེད་ ཡང་ཁ་ས་བཞུགས་སྒར་རྡ་རམ་ས་ལར་བོད་མི་བརྒྱ་ཕྲག་མང་པོས་ང་བོད་ལ་དགའ་ཡི་ཡོད་ཅེས་འཁོད་པའི་ཁ་ཌི་ཐོག་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་ལ་བོད་ལུགས་ལྟར་འཚམས་འདྲིའི་མཚན་རྟགས་བཀོད་པ་མ་ཟད་རིང་མིང་༸གོང་ས་མཆོག་དང་སྲིད་འཛིན་ཨོ་སྦ་མ་རྣམ་གཉིས་ཀྱི་མཇལ་འཕྲད་ནས་དོན་ཕན་ལྡན་པའི་རྗེས་འབྲས་སོན་པའི་ཐུགས་རེ་ཡང་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎