རྡོ་རྗེ་བྲག་རྩེ་སྤྲུལ་རིན་པོ་ཆེ་མཆོག་ཧ་ཅང་ཡག་པོ་ཡིན།


2015.12.25
རྡོ་རྗེ་བྲག་རྩེ་སྤྲུལ་རིན་པོ་ཆེ་མཆོག་ཧ་ཅང་ཡག་པོ་ཡིན། ༸གོང་ས་མཆོག་ནས་བཀྲིས་ལྷུན་པོར་ཆོས་འབྲེལ་གྱི་མཛད་འཕྲིན་སྐྱོང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན། པདྨ་དངོས་གྲུབ།

༄༅།  །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་རིམ་ཆོས་འབྲེལ་སྐབས་སྔ་འགྱུར་རྙིང་མའི་དབུ་འཛིན་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་ཐུགས་གསོ་མཛད་གནང་འདུག དེའི་སྐོར་ང་ཚོའི་ས་གནས་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

 

དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འདི་ཚེས་ཉི་ཤུ་ནས་བཟུང་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་གཞིས་ཆགས་སུ་ཆགས་པའི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་ལམ་རིམ་གྱི་གསུང་ཆོས་རྩལ་གནང་བཞིན་ཡོད་པ་ལྟར། དེ་རིང་ཆོས་འབྲེལ་གྱི་སྔ་རོལ་དུ། སྔ་འགྱུར་རྙིང་མའི་དབུ་འཛིན་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ཉིན་ཤས་གོང་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་ཐུགས་གསོ་མཛད་པ་དང་སྦྲགས་བཀའ་གནང་དོན། རྡོ་རྗེ་བྲག་རྩེ་སྤྲུལ་རིན་པོ་ཆེ་མཆོག་ཧ་ཅང་ཡག་པོ་ཡིན། བར་སྐབས་སྔ་འགྱུར་རྙིང་མའི་དབུ་འཁྲིད་གནང་བ་རེད། ད་ཆ་ཁོང་མྱ་ངན་ལས་འདས་པ་རེད། དེ་ནས་ཁ་སང་མྱུར་བྱོན་གསོལ་འདེབས་འབྲི་རོགས་ཅེས་སྐུལ་མ་བྱས་བྱུང་། ངོས་ཀྱིས་དགའ་བཞིན་སྤྲོ་བཞིན་དུ་མྱུར་བྱོན་གསོལ་འདེབས་བྲིས་པ་ཡིན། ཚང་མས་རིན་པོ་ཆེའི་ཡང་སྲིད་ཡག་པོ་ཞིག་ཕེབས་རྒྱུར་ཐུགས་སྨོན་གནང་རོགས་གནང་ཞེས་བཀའ་གནང་འདུག དེ་དང་ཕྱོགས་མཚུངས་༧གོང་ས་མཆོག་གིས། ད་རིང་ཚེས་ཉི་ཤུ་ལྔ་ཉིན་མོ་འདི་ནི་མཁན་ཆེན་རྡོ་རྗེ་འཆང་གི་དགོངས་རྫོགས་ཀྱི་ཉིན་མོ་འཁེལ་གྱི་ཡོད་རེད། འདི་ག་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཐུགས་ཆུང་ཆུང་། ལྷག་བསམ་གཡོ་བ་མེད་པ་དེ་འདྲ་རེད། རིན་པོ་ཆེར་བར་སྐབས་རྐྱེན་ངན་འཕྲད་ནས་མོ་ཊ་བརྡབས་ནས་གནས་ཚུལ་སྡུག་པའི་ཆ་ནས་ཡག་ཐག་ཆོད་ཟེར་དགོས་པ་ལྟ་བུ་རེད། སྐུ་ཚེ་བརྟན་པ་དང་མཛད་འཕྲིན་རྒྱས་པའི་ཚང་མས་ཐུགས་སྨོན་གནང་དགོས་རྒྱུ་གལ་ཆེན་པོ་རེད། ངོས་ཀྱི་རྩ་བའི་བླ་མ་སྟག་བྲག་རིན་པོ་ཆེའི་ཡང་སྲིད་བོད་ལ་བཞུགས་ཡོད། རེ་བ་རྒྱག་ཡག་དེ་ཙམ་མེད། གླིང་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་ལ་རེ་བ་རྒྱག་ས་ཡོད་པ་ཞིག་ཆགས་ཡོད། ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་ལ་རེ་བ་ཧ་ཅང་རྒྱབ་པ་ཡིན། རྐྱེན་ངན་དེ་འདྲ་ཞིག་འོག་ལ་གནས་ཡོད། བྱ་རྒྱུ་གང་ཡང་མིན་འདུག་ཅེས་བཀའ་བསྩལ་གནང་འདུག ཡང་ད་རིང་ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ལྔ་ཉིན་མོ་འདི་བཞིན་ཡེ་ཤུའི་ཆོས་ལུགས་ཀྱི་སྟོན་པ་འཁྲུངས་པའི་ཉིན་མོ་ Christmas ཞེས་འཛམ་གླིང་ཁྱོན་ཡོངས་སུ་སྲུང་བརྩི་ཞུ་གི་ཡོད་པའི་དུས་ཚོད་ཞིག་ཡིན་སྟབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞུ་བའི་ཁོངས་སུ་ནུབ་ཕྱོགས་བ་ཚོར་དམིགས་ནས་ཉིན་མོ་དེར་འཚམས་འདྲི་གནང་ཡང་གནང་ཡོད་འདུག མཛད་འཆར་གཞིར་བཟུང་ལྟར་ན།འདི་ཚེས་ཉི་ཤུ་དགུ་བར་ལམ་རིམ་གསུང་ཆོས་གནང་གི་ཡོད་པ་དང་། ཚེས་སུམ་ཅུ་དང་སོ་གཅིག་ཉིན་གཉིས་རིང་བཀའ་གདམས་ཐིག་ལེ་བཅུ་དྲུག་པའི་བཀའ་འཁྲིད་གནང་རྒྱུ་དང་དེ་ནས་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎