ཐེ་ཝན་ལ་ཐེངས་དང་པོ་ཨ་རིས་བཟོས་བའི་སྔོན་ཐོན་ཅན་གྱི་དམག་འཐབ་ཁྲབ་འཁོར་ལག་སོན་བྱུང་འདུག

2024.12.17
ཐེ་ཝན་ལ་ཐེངས་དང་པོ་ཨ་རིས་བཟོས་བའི་སྔོན་ཐོན་ཅན་གྱི་དམག་འཐབ་ཁྲབ་འཁོར་ལག་སོན་བྱུང་འདུག ཐེ་ཝན་ལ་ཐེངས་དང་པོ་ཨ་རིས་བཟོས་བའི་སྔོན་ཐོན་ཅན་གྱི་དམག་འཐབ་འཁྲབ་འཁོར་འབྱོར་བཞིན་པ། ༡༢།༡༥།༢༠༢༤
X @MoNDefense

དེ་ཡང་ཐེ་ཝན་རྒྱལ་སྲུང་ལྷན་ཁང་གིས་སྤྱི་ཚེས་༡༦ཉིན་གནས་ཚུལ་ཕྱི་བསྒྲགས་གནང་བ་ལྟར་ན། ཐེ་ཝན་ལ་ཨ་རིས་བཟོས་བའི་(Abrams)་ཞེས་སྔོན་ཐོན་དམག་འཐབ་ཁྲབ་འཁོར་༣༨ལག་སོན་བྱུང་ཡོད་པའི་སྐོར་བཤད་ཡོད་འདུག་ལ། གནས་ཚུལ་ནང་དུ་སྔོན་ཐོན་འཁྲབ་ཁོར་དེ་ནི་འཛམ་གླིང་གི་ཆེས་སྔོན་ཐོན་ཅན་གྱི་ལྕགས་ཁྲབ་འཁོར་ལོ་ཡིན་པ་དང་། ཐེ་ཝན་ལ་མཚོན་ན་མི་ལོ་༣༠ཡི་རིང་ལ་ལྕགས་ཁྲབ་འཁོར་ལོ་དེ་རིགས་གསར་པ་ལག་སོན་བྱུང་བ་ཐོག་མ་ཡིན་པ་རེད་འདུག
གཞན་ཐེ་ཝན་རྒྱལ་སྲུང་ལྷན་ཁང་གིས་དེ་ནི་སྤྱི་ལོ་༢༠༡༩ལོར་ཨ་རིར་མངགས་ཉོ་བྱས་པའི་དམག་འཐབ་ཁྲབ་འཁོར་༡༠༨ཀྱི་ནང་གི་ཚོང་བསྒྱུར་བྱུང་བ་ཐེངས་དང་པོ་དེ་ཡིན་པ་དང་། ཁྲབ་འཁོར་དེ་དག་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ཡི་བྱང་ཕྱོགས་ཀྱི་དམག་སྦྱོང་བྱ་ཡུལ་ཞིག་ཏུ་དངོས་སུ་འབྱོར་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག
ད་དུང་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་བདག་དབང་རྒྱ་ནག་དམར་ཤོག་གཞུང་ལ་ཡོད་ཚུལ་བཤད་ནས་ཡང་ཡང་ཐེ་ཝན་ལ་འཇིགས་སྐུལ་འདྲ་མིན་བྱེད་ཀྱིན་ཡོད་ནའང་། ཐེ་ཝན་ལ་དམག་ཆས་མཁོ་སྤྲོད་བྱེད་མཁན་གཙོ་བ་དེ་ཨ་རི་ཡིན་པ་མ་ཟད། ཨ་རི་ནི་ཐེ་ཝན་གྱི་མཐུན་གྲོགས་རྒྱལ་ཁབ་གལ་ཆེ་ཤོས་དེའང་ཡིན་པའི་སྐོར་བཀོད་ཡོད་འདུག
ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་ཞིག་འདི་ལོའི་ལོ་སྟོད་དུ་ཐེ་ཝན་དུ་འཚམས་འདྲིར་ཕེབས་པའི་སྐབས་སུ་ཐེ་ཝན་གྱི་སྲུང་སྐྱོབ་ལ་ཨ་མི་རི་ཀས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྐྱར་ནན་གནང་ཡོད་པ་རེད།


གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎