རྒྱ་ནག་དང་གྲོས་མོལ་སྐབས་འགྲོ་བ་མིའི་ཐོབ་ཐང་གླེང་དགོས་སྐོར།

ཐེ་དབན་གཞུང་འཛིན་གོ་མིང་ཏང་གིས་རྒྱ་ནག་ལྷན་དུ་གྲོས་མོལ་བྱེད་པའི་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་བྱེད་དགོས།

2009.07.07

༄༅༎དེ་རིང་ཐེ་དབན་དམངས་གཙོ་ཡར་རྒྱས་ཚོགས་པས་རྒྱ་ནག་དང་མཛའ་གྲོགས་ཀྱི་འབྲེལ་ལམ་འཛིན་མཁན་ད་ལྟའི་ཐེ་དབན་གཞུང་འཛིན་གོ་མིང་ཏང་ལ་མ་འོངས་པར་རྒྱ་ནག་སྐམ་ས་ཆེན་པོའི་ལྷན་དུ་གྲོས་མོལ་བྱེད་པའི་སྐབས་ངེས་པར་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

རེས་གཟའ་ཉི་མའི་ཉིན་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆིའི་ནང་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་ཞི་བའི་ངོ་རྒོལ་ལས་འགུལ་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་དོན་རྐྱེན་དེ་ཐོན་པའི་རྗེས་ཐེ་དབན་རང་བཙན་ཕྱོགས་སུ་མདུན་སྤོས་བྱེད་མཁན་གྱི་ཐེ་དབན་དམངས་གཙོ་ཡར་རྒྱས་ཚོགས་པས་གསལ་བསྒྲགས་ཤིག་འགྲེམས་སྤེལ་གནང་སྟེ་ཤིན་ཅང་གི་ཟིང་ཆའི་དོན་རྐྱེན་དེའི་ནང་དུ་ངོ་རྒོལ་ལས་འགུལ་ནང་ཞུགས་མཁན་མི་གྲངས་༡༥༦རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་ཐོན་པ་དེ་ནི་ཞི་བའི་ངོ་རྒོལ་ལས་འགུལ་དེའི་ཐོག་རྒྱ་ནག་གཞུང་གིས་དྲག་ཆས་དམག་དཔུང་དང་ཉེན་རྟོག་པ་བཏང་སྟེ་མེ་མདའ་དང་ལྕགས་ཁྲབ་འཁོར་ལོ་སོགས་དྲག་པོའི་གོ་མཚོན་བེད་སྤྱོད་བཏང་བའི་བྱ་སྤྱོད་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་སྐྱོན་བརྗོད་བྱས་པ་མ་ཟད་ཐེ་དབན་གོ་མིང་ཏང་གཞུང་དེ་ཡིས་ད་བར་རྒྱ་ནག་གི་ལྷན་དུ་མཛའ་གྲོགས་ཀྱི་འབྲེལ་ལམ་འཛུགས་ཐབས་བྱེད་པ་དེར་སྐྱོན་བརྗོད་གནང་བ་དང་ཆབས་ཅིག་མ་འོངས་པར་ཐེ་དབན་གོ་མིང་ཏང་གཞུང་གིས་རྒྱ་ནག་གི་ལྷན་དུ་གྲོས་མོལ་གནང་བའི་སྐབས་ངེས་པར་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གླེང་སློང་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། ད་དུང་གསལ་བསྒྲགས་དེའི་ནང་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་རེས་ཤིན་ཅང་གྲངས་ཉུང་མི་རིགས་ཐོག་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་ཐོག་ཧ་ཅང་གི་བློ་འཚབ་གནང་སྟེ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་གནང་ཡོད་ཀྱང་ཐེ་དབན་གཞུང་ཕྱོགས་ནས་ད་རེས་ཤིན་ཅང་ནང་དུ་ཐོན་པའི་དོན་རྐྱེན་དེའི་ཐོག་ལ་དེ་བྱས་དེ་མིན་གྱི་གནས་ཚུལ་གང་ཡང་གསུང་མེད་པ་དང་དེ་ནི་སྲིད་འཛིན་མཱ་དབྱིང་ཇིའུ་ཡི་འཛིན་སྐྱོང་ལས་ཁང་གིས་གནས་ཚུལ་དེའི་ཐོག་རྦད་དེ་སྣང་མེད་སྐྱུར་འཇོག་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎