གསར་འགྱུར་ཡིག་ཚགས།
2022-08-04
ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བའི་ལོ་བཅུའི་རིང་བོད་ནང་གི་གནས་སྟངས་གང་ཅིའི་ཐད་ཆེས་ཐབས་སྡུག་དང་ཛ་དྲག་ཏུ་གྱུར་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་འཛིན་གནང་གི་འདུག
2022-08-04
འདི་ལོ་བོད་ཕྱི་ནང་གཉིས་ནས་རིན་པོ་ཆེར་བརྟན་བཞུགས་བསྟར་འབུལ་ཞིག་ཞུ་འཆར་ཡོད་པའི་རྐྱེན་གྱིས། རྔ་བ་དང་མཛོད་དགེ་ཕྱོགས་སུ་དམ་དྲགས་ཆེན་པོ་ཡོང་གི་ཡོད་སྐོར་བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་བོད་མི་ཞིག་གི་འགྲེལ་བརྗོད་གནང་བྱུང་།
2022-08-04
ད་བར་ལ་དྭགས་དཔལ་རྔམ་དུས་སྟོན་གྱི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ནི། ཁྲིག་སེ་རིན་པོ་ཆེ་མཆོག་དང་ལ་དྭགས་ནང་ཚོགས་ཀྱི་དབུ་སྐྱོང་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་སོགས་ཡིན་འདུག
2022-08-03
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ཐེ་ཝན་དུ་འཚམས་གཟིགས་ལ་ཕེབས་པ་དེ་འོས་ཤིང་འཚམས་པ་དང་དྲང་བདེན་ཡིན་པ་གསུངས་འདུག
2022-08-03
གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཨ་རུ་ན་ཅཱལ་མངའ་སྡེའི་མི་མང་དང་རླུང་ལའི་མང་ཚོགས་ཚོས་ཁོར་ཡུག་ལ་བདག་གཅེས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་གནང་འདུག
2022-08-03
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་དང་ཐེ་ཝན་གྱི་སྲིད་འཛིན་རྣམ་གཉིས་མཇལ་མོལ་དང་ཨ་རིས་ཐེ་ཝན་ནང་མང་གཙོའི་ལམ་ལུགས་རྒྱུན་འཁྱོངས་ཡོང་ཆེད་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་ཞུ་རྒྱུ་དང་ཐེ་ཝན་གྱི་བདེ་འཇགས་ཐད་ཕྱག་ལས་གནང་རྒྱུ་ཡིན་པ་བརྗོད་འདུག
2022-08-02
ཧོང་ཀོང་མཐོ་རིམ་ཁྲིམས་ཁང་གིས་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་གྱོད་དོན་ཐད་གསར་འགྱུར་འགོད་མི་ཆོག་པ་དམའ་རིམ་ཁྲིམས་ཁང་གི་བཀའ་རྒྱ་རྩིས་མེད་བཏང་འདུག
2022-08-02
ཉི་ཧོང་སྐུ་ཚབ་དོན་གཅོད་མཆོག་དང་ཨོ་སཱ་ཀའི་ས་གནས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ཨ་རི་ས་ཝ་ཡུ་མ་ལགས་གཉིས་མཇལ་མོལ་གནང་ཡོད་འདུག
2022-08-02
རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་སྡིགས་ར་བསྐུལ་མིན་ལ་མ་བལྟོས་པར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ཐེ་ཝན་དུ་དངོས་སུ་ཕེབས་འདུག
2022-08-02
རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་ཐེབས་རྩ་ཁང་ནས་ཨོ་སི་ཁྲི་རཱ་ལི་ཡ་རྒྱལ་ཁབ་ཀྱི་གྲོང་ཁྱེར་སི་ཊི་ནཱིའི་གཙུག་ལག་སློབ་ཆེན་ལ་བོད་བརྒྱུད་ནང་བསྟན་ལ་ཐོས་བསམ་སློབ་གཉེར་དང་ཞིབ་འཇུག་པ་བཅས་གསོ་སྐྱོང་བསྐྱེད་སྲིང་གི་ཆེད་དུ།ཨོ་སི་ཁྲི་རཱ་ལི་རྒྱལ་ཁབ་ཀྱི་སྒོར་མོ་ས་ཡ་གསུམ་དང་འབུམ་ལྔ་ཞལ་འདེབས་སུ་གནང་བ།
2022-08-02
བོད་མི་ཚོང་པ་བསྟན་འཛིན་ཐར་པ་ལགས་སུ་ལོ་གཉིས་དང་ཟླ་དྲུག་གི་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་ན་ཡང་། ཁོང་ལ་གསང་བའི་ཁྲིམས་ར་ཚོགས་ཏེ་ཁྲིམས་ཐག་བཅད་པ་ལས་ཟླ་དུས་ག་འདྲ་ཞིག་ལ་ཁྲིམས་ཐག་བཅད་དང་། ནག་ཉེས་ག་རེ་གཡོག་ཡོད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་གང་ཡང་མེད་པ་དང། ཁོང་གི་ནང་མི་ཚོར་ཁྲིམས་རྩོད་པ་ཞིག་གླ་རུ་བཅུག་ཡོད་པ་བཙན་བྱོལ་ནང་གནས་སྡོད་ཕ་ཡུལ་འབྲི་རུ་ནས་ཡིན་པ་དྲན་པ་ལགས་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
2022-08-02
འདི་ལོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་བཀའ་ཤག་ནས་མི་འབོར་ཞིབ་བཤེར་ཐེངས་བཞི་པ་གནང་སྟེ། རྒྱ་གར་དང་བལ་ཡུལ་ནང་བཙན་བྱོལ་བོད་མིའི་གྲངས་འབོར་ ༦༥ ༧༠༠ ལྷག་ཐོན་ཡོད་པ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
2022-08-01
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་བཞི་པ་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞི་ཆགས་སུ་ཚོགས་བཞིན་པར་ས་གནས་ཁག་ཉེར་བརྒྱད་ཀྱི་རྒྱུན་ལས་མཉམ་ཞུགས་གནང་འདུག
2022-08-01
རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་ནང་གཟའ་ཟླ་བ་ཉིན་གཅིག་གི་ནང་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་གྲངས་༨༥༩བྱུང་ཡོད་པ་དང་། དེའི་ཁྲོད་ནས་མི་༣འདས་གྲོངས་སུ་ཕྱིན་འདུག
2022-08-01
ཨ་རི་དང་ཉི་ཧོང་གཉིས་ཀྱིས་ཕྱི་འབྲེལ་ཚོང་ལས་མཉམ་འབྲེལ་གྱི་ཐོག་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཡིན་ལུགས་ཉི་ཧོང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོས་གསུངས་འདུག