ཧི་མ་ཅཱལ་མངའ་སྡེའི་ནང་ཉིན་གཅིག་རིང་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་བརྒྱད་བརྒྱ་ལྔ་བཅུ་ལྷག་ཐོན་འདུག

2022.08.01
ཧི་མ་ཅཱལ་མངའ་སྡེའི་ནང་ཉིན་གཅིག་རིང་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་བརྒྱད་བརྒྱ་ལྔ་བཅུ་ལྷག་ཐོན་འདུག ཧི་མ་ཅཱལ་མངའ་སྡེ་རྡ་རམ་ས་ལའི་ཉེ་འདབས། ༠༣།༡༢།༢༠༢༠
AFP

དེ་ཡང་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་འཕྲོད་བསྟེན་ལྷན་ཁང་གིས་རྒྱ་གར་གྱི་(UNI)་གསར་ལས་ཁང་ལ་གནས་ཚུལ་འགྲེལ་བརྗོད་བྱས་པར་གཞིགས་ན། འདི་ཚེས་༡གཟའ་ཟླ་བ་ཉིན་གཅིག་ནང་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་ནང་། ཏོག་དབྱིབས་རིམས་ནད་འགོས་བའི་གསར་ཐོན་ནད་པ་གྲངས་༨༥༩བྱུང་བ་དང་། དེ་དག་རྫོང་སོ་སོར་དབྱེ་ན། མཱན་ཌི་ནས་༡༧༦ ཀངྒ་ར་ནས་༡༧༥ སིམ་ལ་ནས་༡༣༥ ཧ་མི་པུར་ནས་༧༥བཅས་ཐོན་པ་དང་། འདས་གྲོངས་སུ་ཕྱིན་པའི་མི་དག་ནི་ཧི་མ་ཅཱལ་མངའ་སྡེའི་ཀངྒ་ར་རྫོང་དང་། (Bilaspur) (Hamirpur)་བཅས་ནས་ཡིན་འདུག་ལ། གསར་དུ་ནད་ཡམས་ཕོག་མཁན་དེ་དག་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་སྔོན་འགོག་གི་སྒྲིག་གཞི་ལྟར་ཟུར་བཀག་འོག་བཞག་ཡོད་འདུག
དེང་སྐབས་ཡང་འཛམ་གླིང་གི་ས་ཁུལ་གང་སའི་ནང་། རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་ཡམས་ཀྱི་ནད་འབུ་(Omnicorn BA.5)་འགོས་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་། ཏོག་དབྱིབས་ནད་ཡམས་ཀྱི་ནད་འབུའི་རང་བཞིན་ཐོག་བརྟག་དཔྱད་བྱེད་མཁན་ཚན་རིག་པ་ཚོས། རྣམ་པར་འགྱུར་བའི་ཏོག་དབྱིབས་རིམས་ནད་དེ་ཧ་ཅང་འགོས་ཁྱབ་སླ་བ་ཡོད་པ་བརྗོད་བཞིན་འདུག ལྷག་པར་དུ་ནད་ཡམས་དེ་དེ་སྔོན་ཏོག་དབྱིབས་ནད་ཡམས་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པའི་མི་ཚོར་ཡང་འགོས་བཞིན་ཡོད་སྟབས། རྣམ་པར་འགྱུར་བའི་ནད་འབུ་འདིར་དམིགས་ཏེ་འགོག་ཁབ་གསར་བཟོ་བྱེད་བཞིན་ཡོད་པ་རེད།
རྡ་རམ་ས་ལ་ནི་ཧི་མ་ཅཱལ་མངའ་ཁུལ་གྱི་ནང་ཡོད་པ་དང་། ད་བར་བོད་མིའི་སྤྱི་ཚོགས་ཁྲོད་ནད་ཡམས་འདི་གསར་དུ་འགོས་པ་ག་ཚོད་བྱུང་ཡོད་མེད་གནས་ཚུལ་གསལ་ཁ་མེད་པ་རེད།

གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎