རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་ཀྱི་ཚབས་ཆེན་རང་བཞིན་ཐོག་མར་ཤེས་བཞིན་དུ་བདུན་ཕྲག་གཉིས་ཙམ་རིང་ཕྱི་ལ་བསྒྲགས་མི་འདུག

2024.01.19
རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་ཀྱི་ཚབས་ཆེན་རང་བཞིན་ཐོག་མར་ཤེས་བཞིན་དུ་བདུན་ཕྲག་གཉིས་ཙམ་རིང་ཕྱི་ལ་བསྒྲགས་མི་འདུག ཁྱིམ་སྡོད་བཀག་རྒྱའི་འོག་ཡོད་པའི་པེ་ཅིང་གི་སྡེ་ཁུལ་ཞིག ༡༡།༡༠།༢༠༢༢
AP

དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་དོན་ཚོགས་ཆུང་གིས། ཨ་རིའི་འཕྲོད་བསྟེན་དང་མིའི་ནུས་ཤུགས་སྡེ་ཚན་གྱི་ས་ནས་ལག་སོན་བྱུང་པའི་ཡིག་ཆ་ཁག་གི་ནང་གསལ་ལྟར་ན། རྒྱ་ནག་གི་ཞིབ་འཇུག་མི་སྣས་སྤྱི་ལོ་༢༠༡༩ལོའི་སྤྱི་ཟླ་བཅུ་གཉིས་པའི་ཟླ་སྨད་དུ། ཏོག་དབྱིབས་རིམས་ནད་ཀྱིས་མི་ལ་གནོད་ཚབས་ཇི་ལྟར་ཡོང་གི་ཡོད་མེད་ཀྱི་ཚབས་ཆེན་རང་བཞིན་ཤེས་རྟོགས་བྱུང་ཡོད་ཀྱང་བདུན་ཕྲག་གཉིས་ཙམ་རིང་འཛམ་གླིང་ལ་ཞིབ་ཕྲའི་གནས་ཚུལ་ཕྱི་བསྒྲགས་མ་བྱས་པ་ར་འཕྲོད་བྱུང་ཡོད་པ་དང་། གནས་ཚུལ་འདིས་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ཐོག་མར་བྱུང་བའི་འགག་རྩའི་དུས་སྐབས་སུ་གནས་ཚུལ་དངོས་སུ་ཕྱིར་བསྒྲགས་མ་བྱས་པ་འཛམ་གླིང་མི་མང་ལ་དོགས་པ་ཆེ་རུ་སོང་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག
གནས་ཚུལ་ནང་དུ་མུ་མཐུད་དུ་འཁོད་དོན། ཨ་རིའི་གྲོས་ཚོགས་འོག་མས་ཨ་རིའི་འཕྲོད་བསྟེན་དང་སྤྱི་དམངས་ཞབས་ཞུ་ལས་ཁང་ནས་རྒྱུས་ལོན་བྱུང་བ་(The Wall Street Journal)་ཞེས་པའི་གསར་ཁང་གིས་ལུང་འདྲེན་བྱས་པའི་ནང་། པེ་ཅིང་གི་རྒྱ་ནག་གི་ཞིབ་འཇུག་མི་སྣས་ལོ་དེའི་སྤྱི་ཟླ་༡༢པའི་ཚེས་༢༨ཉིན། ཏོག་དབྱིབས་རིམས་ནད་ཀྱི་གྲུབ་ལུགས་ཆ་ཚང་བ་ཞིག་ཨ་རིའི་གཞུང་གིས་གཉེར་བཞིན་པའི་ཡིག་མཛོད་དུ་འཁོད་མྱོང་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཀྱིས་ཏོག་དབྱིབས་རིམས་ནད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་དུས་ཐོག་ཕྱི་བསྒྲགས་མ་བྱས་པའི་སྐྱོན་ཆ་ལྷག་ཡོད་པ་འབྲེལ་ཡོད་ཚོས་ངོས་འཛིན་བྱེད་བཞིན་ཡོད་འདུག
ཏོག་དབྱིབས་རིམས་ནད་ཀོ་ཝིཌ་༡༩་(Covid-19)དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་(Wuhan)་གྲོང་ཁྱེར་ནས་མཆེད་པ་ནས། རིམ་པས་འཛམ་གླིང་གི་རྒྱལ་ཁབ་དང་། ཡུལ་གྲུ་ཁག་༢༡༠ལྷག་གི་ནང་ནད་ཡམས་དེ་ཁྱབ་གདལ་ཕྱིན་ནས། ད་བར་འཛམ་གླིང་ཁྱོན་ཡོངས་ཀྱི་མི་གྲངས་ས་ཡ་དྲུག་དང་འབུམ་དགུ་ལྷག་གི་ཚེ་སྲོག་ཤོར་ཡོད་པ་རེད།


གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎