༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་དཔལ་རྔམ་དུས་སྟོན་གྱི་གཟེངས་རྟགས་འབུལ་རྒྱུ།

2022.08.04
༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་དཔལ་རྔམ་དུས་སྟོན་གྱི་གཟེངས་རྟགས་འབུལ་རྒྱུ། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འགྲོ་བ་མི་སྤྱིའི་བདེ་རྩར་ཕན་པའི་རླབས་ཆེན་གྱི་མཛད་པ་འཕྲིན་ལས་རྣམས་ལ་ཆེས་བསྟོིད་སླད་ལ་དྭགས་དད་ལྡན་མི་མང་ཡོངས་ནས་དཔལ་རྔམ་དུས་སྟོན་གྱི་གཟེངས་རྟགས་འབུལ་རྒྱུ་ཡིན་འདུག རིང་མིན་སྤྱི་ཟླ་༨ པའི་ཚེས་༥ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ལ་དྭགས་དཔལ་རྔམ་དུས་སྟོན་སྲུང་བརྩི་ཞུ་རྒྱུ་ཡིན་འདུག་པ་མ་ཟད། སྐབས་དེར་དུས་སྟོན་ཉིན་མོིར་༸མགོན་པོ་གང་ཉིད་མཆོག་ལ་ལ་དྭགས་དཔལ་རྔམ་དུས་སྟོན་གྱི་གཟེངས་རྟགས་འབུལ་བཞེས་མཛད་རྒྱུ་ཡིན་འདུག་ཅིང་། ལ་དྭགས་ནང་ཚོགས་དབུ་སྐྱོང་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་ཀྱིས། ད་བར་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་རླབས་ཆེན་གྱི་མཛད་པ་འཕྲིན་ལས་ལ་བརྟེན་ནས་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་དང་ཚོགས་སྡེ་ཁག་མང་པོ་ཞིག་ནས་ཆེས་མཐོའི་གཟེངས་རྟགས་མང་དག་ཤིག་ཕུལ་ཡོད་པས། ང་ཚོས་གོ་སྒྲིག་བྱས་པའི་གཟེངས་རྟགས་དེ་བཞིན་ཆུང་འདྲ་དྲགས་པའི་མྱོང་ཚོར་བྱུང་། འོན་ཀྱང་། གསོལ་འདེབས་ཞུས་པ་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་ཞལ་བཞེས་གནང་བར་ལ་དྭགས་ཀྱི་བསོད་ནམས་རེད་ཅེས་འགྲེལ་་བརྗོད་གནང་བྱུང་།

award.jpgལ་དྭགས་དཔལ་རྔམ་དུས་སྟོན་ཞེས་པ་ནི་ལ་དྭགས་ས་གནས་ལ་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་གྱི་མིང་མ་ཐོབ་གོང་ནས་སྲུང་བརྩི་ཞུས་སྲོལ་ཡོད་ཅིང་། དཔལ་རྔམ་དུས་སྟོན་གྱི་གཟེངས་རྟག་དེ་ཆོས་སྲིད་གཉིས་ཀའི་ཐད་སྤྱི་ཚོགས་ཞབས་ཞུ་གནང་མཁན་ལ་རྣམས་ལ་འབུལ་སྲོལ་ཡོད་པ་དང་། སྤྱི་ལོ་༢༠༡༩ ལོའི་ཕྱི་ཟླ་༨ ཚེས་༥་ཉིན་རྒྱ་གར་དབུས་གཞུང་ནས་ལ་དྭགས་ས་གནས་དེ་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་ལ་ངོས་འཛིན་གྱིས་ཁྱབ་བསྒྲགས་བྱེད་པ་ནས་ཟུང་ལ་དྭགས་དཔལ་རྔམ་དུས་སྟོན་དེ་ཕྱི་ཟླ་༨ པའི་ཚེས་༥ ཉིན་ལོ་ལྟར་སྲུང་བརྩི་ཞུ་འགོ་བཙུགས་ཡོད་འདུག འདི་ལོའི་དཔལ་རྔམ་དུས་སྟོན་གྱི་ཉིན་མོ་དེ་བོད་ནས་རྒྱུག་པའི་སེང་གེ་གཙང་པོའི་ཆུ་མཐའ་ཆགས་པའི་སིན་དྷུ་གཊ་ཡང་ན་རུ་སྲུང་བརྩི་ཞུ་རྒྱུ་ཡིན་འདུག

ད་བར་ལ་དྭགས་དཔལ་རྔམ་དུས་སྟོན་གྱི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ནི། ཁྲིག་སེ་རིན་པོ་ཆེ་མཆོག་དང་ལ་དྭགས་ནང་ཚོགས་ཀྱི་དབུ་སྐྱོང་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་སོགས་ཡིན་འདུག

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎