ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་གྱོད་དོན་གསར་འགྱུར་བཀོད་སྤེལ་མི་ཆོག་པའི་བཀའ་རྒྱ་རྩིས་མེད་བཏང་འདུག

2022.08.02
ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་གྱོད་དོན་གསར་འགྱུར་བཀོད་སྤེལ་མི་ཆོག་པའི་བཀའ་རྒྱ་རྩིས་མེད་བཏང་འདུག ཧོང་ཀོང་མཐོ་རིམ་ཁྲིམས་ཁང་གི་མདུན། ༢༠༢༡
AP

འདི་ཚེས་༢ཉིན་རོའུ་ཊརསི་གསར་སྤེལ་ཁང་གིས་ཧོང་ཀོང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་མཐོ་རིམ་ཁྲིམས་ཁང་གིས་རེས་གཟའ་མིག་དམར་ཉིན། རྒྱལ་ཁབ་བདེ་འཇགས་ཐད་ཀྱི་གྱོད་དོན་ཞིག་གི་ཁྲིམས་ར་འཚོགས་སའི་གནས་ཚུལ་བརྒྱུད་སྒྲོག་བྱེད་པར་སྟངས་འཛིན་གྱི་བཀའ་རྒྱ་དེ་རྩིས་མེད་བཏང་ཡོད་པ་རེད། གྱོད་དོན་དེ་ནི་ད་ལྟ་མེད་པར་བཟོས་ཟིན་པའི་ཚོགས་པ་ཞིག་དང་འབྲེལ་བ་ཡོད་པ་དང་། ཚོགས་པ་དེས་དེ་སྔོན་ཧོང་ཀོང་ནང་ལོ་རེར་ཐེངས་རེ་མཚན་སྲུང་མྱ་ངན་བྱ་འགུལ་སྤེལ་ནས། ཕྱི་ལོ་༡༩༨༩ལོར་གནམ་བདེ་སྒོ་མོ་ཆེའི་སློབ་མའི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་བར་རྗེས་དྲན་བྱས་ཡོད་པ་རེད།
མཐོ་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་(Alex Lee)་ནས་ས་གནས་ཁྲིམས་ཁང་གིས་གྱོད་དོན་ཐད་གསར་འགྱུར་གནས་ཚུལ་སྤེལ་རྒྱུ་བཀག་སྡོམ་གྱི་བཀའ་རྒྱ་དེ་མེད་པར་བཟོས་པ་དང་། དེ་ནི་ཐེངས་དང་པོར་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་དང་འབྲེལ་ཡོད་གྱོད་དོན་ཐད་ཀྱི་ཁྲིམས་ཞིབ་བརྒྱུད་རིམ་མངོན་གསལ་ཐོག་གསར་འགྱུར་སྤེལ་ཆོག་པ་བཟོས་བ་ཞིག་རེད།
ཁྲིམས་དཔོན་(Lee)་ནས་བཅད་ཁྲའི་ནང་བརྗོད་དོན། ཁྲིམས་དཔོན་(Peter Lee)་ཡི་མཐའ་སྡོམ་ནི་ཁྲིམས་ཁང་གི་ཁྲིམས་ཞིབ་བརྒྱུད་རིམ་ཐད་ཀྱི་སྙན་ཐོ་དང་། ཡང་ན་ཁྲིམས་འཛིན་དབང་ཆ་མངོན་གསལ་གྱི་ཁྲིམས་འཛིན་སྒྲིག་གཞི་དང་རྒྱབ་འགལ་བྱས་བ་ཡིན་ཚུལ་གྱིས་དམའ་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་(Peter Law)་ཡི་ཐག་གཅོད་དེ་ནི་ནོར་འཁྲུལ་ཡིན་པས། ཧོང་ཀོང་ཁྲིམས་སྲིད་འགན་འཛིན་གྱི་སྒྲུབ་བྱེད་ཕྱིར་སློག་བྱས་ཏེ། དྲང་བདེན་འཐབ་རྩོད་ཀྱི་མཐར་ཐུག་དམིགས་ཡུལ་ཕམ་ཉེས་གཏོང་བའི་གྱོད་དོན་ཐད་གསར་འགྱུར་བཀོད་སྤེལ་བཀག་སྡོམ་བྱེད་པ་རྩིས་མེད་བཏང་བ་བརྗོད་འདུག
མིག་སྔར་ཁྲིམས་སྲིད་སྡེ་ཚན་དང་ཞུ་གཏུག་བྱེད་མཁན་ཕྱོགས་ནས་གོང་ཞུས་ཁྲིམས་དཔོན་གྱི་ཁྲུན་གྱི་བཅད་ཁྲའི་ཐད་ཡར་ཞུ་གཏུག་བྱེད་རྒྱུ་ཡིན་མིན་གསལ་ཁ་མེད་པ་རེད།
གོང་ཞུས་གྱོད་དོན་དེ་ནི་ཧོང་ཀོང་དམངས་གཙོ་རྒྱབ་སྐྱོར་མནའ་འབྲེལ་ཚོགས་པའི་དབུ་ཁྲིད་ཟུར་བ་དགུང་ལོ་༣༧ཡིན་པའི་(Chow Hang-tung)་དང་། དགུང་ལོ་༧༠ཡིན་པའི་(Albert Ho) ཡང་དགུང་ལོ་༦༥ཡིན་པའི་(Lee Cheuk-yan)་བཅས་གསུམ་གྱི་ཡིན་ཞིང་། རྒྱ་ནག་གིས་ཧོང་ཀོང་ནང་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་ལྟར། ཁོང་ཚོར་རྒྱལ་ཁབ་སྲིད་དབང་མགོ་རྟིང་སློག་རྩིས་ཀྱི་ཉེས་འཛུགས་བྱེད་ཀྱི་ཡོད་པ་རེད།
མི་དེ་གསུམ་ན་ནིང་གི་ཕྱི་ཟླ་༩པར་འཛིན་བཟུང་བྱས་བ་ནས་བཟུང་། ཁོང་ཚོས་གཏའ་མ་བཞག་ནས་གློལ་གྲོད་བྱེད་པ་ཁས་ལེན་བྱས་མེད་ལ། ད་ལྟའི་བར་ཁྲིམས་ཁང་གི་ཉན་ཞིབ་ཐད་ཀྱི་གནས་ཚུལ་བརྒྱུད་བཀོད་བྱེད་དུ་བཅུག་ཡོད་པ་རེད། ཡིན་ན་ཡང་ཁྲིམས་དཔོན་(Alex Lee)་ཡིས་ས་གནས་ཁྲིམས་ཁང་ལ་བཀའ་རྒྱ་བཏང་ནས་གོང་ཞུས་མི་སྣ་དེ་དག་ལ་ཐེངས་རྗེས་མར་ཁྲིམས་ཞིབ་སྐབས་གསར་འགྱུར་སྤེལ་བའི་ཐད་བཀག་སྡོམ་བྱེད་མི་ཆོག་པ་བརྗོད་ཡོད་པ་དང་། ཁྲིམས་ཞིབ་རྗེས་མ་དེ་ཕྱི་ཟླ་༨པའི་ཚེས་༡༧ཉིན་འཚོགས་རྒྱུ་ཡིན་འདུག

གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎