གསར་འགྱུར་ཡིག་ཚགས།
2022-02-04
རྒྱ་ནག་ནང་པེ་ཅིང་ཨོ་ལིམ་པིཀསི་རྩེད་འགྲན་འགོ་ཚུགས་པ་དང་བསྟུན་རྒྱ་གར་དང་ཨ་རི་སོགས་རྒྱལ་ཁབ་མང་པོའི་ནང་རྒྱ་ནག་གཞུང་དང་ཨོ་ལིམ་པིཀསི་རྩེད་འགྲན་གོ་སྒྲིག་ཚོགས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་།
2022-02-04
ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་འཁྲིས་སུ་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ལ་འོས་བབས་མེད་ཅེས་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་ལས་འགུལ་སྤེལ་བར། ངོ་རྒོལ་ལས་འགུལ་བ་དྲུག་རྒྱ་གར་ཉེན་རྟོག་པས་འཇུ་བཟུང་གིས་ཅ་ན་ཀེའི་པུ་རིའི་བཀག་ཉར་ཁང་དུ་ཁྲིད་ཡོད་པ་རེད།
2022-02-03
རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་བཅས་ཀྱི་མི་རིགས་རྩ་མེད་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བརྟེན་བོད་རང་བཙན་སློབ་ཕྲུག་ཚོགས་པས་གང་སར་རྒྱ་ནག་ཏུ་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་འཚོག་རྒྱུར་ངོ་རྒོལ་ལས་འགུལ་སྤེལ་སོང་།
2022-02-03
ནོར་ཝེ་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་༢༠༢༢་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་སའི་འོས་མིའི་གྲས་སུ་མིང་འདོན་གནང་འདུག
2022-02-02
བསྟན་འཛིན་ཆོས་འཛིན་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་མདུན་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་གནང་ཡོད་པ་དང་ཁོང་མོ་ནི་སྤྱི་འཐུས་ལོ་ན་གཞོན་ཤོས་ཆགས་ཀྱི་འདུག
2022-02-01
པེ་ཅིང་གི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཨ་རིའི་རྩེད་འགྲན་པ་ཚོར་སྲུང་སྐྱོབ་གྲ་སྒྲིག་དགོས་བ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་གཞུང་འབྲེལ་མི་སྣར་ནན་སྐུལ་བྱས་འདུག
2022-02-01
ཉི་ཧོང་གྲོས་ཚོགས་འོག་མས་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅིང་ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ཆེས་དཀོན་པའི་སྐྱོན་བརྗོད་བྱས་འདུག
2022-02-01
ཆབ་མདོ་བྲག་གཡབ་ནས་ཡིན་པའི་བོད་མི་གསུམ་བྲག་འགོའི་ཉེན་རྟོག་པས་འཛིན་བཟུང་གིས་ཆབ་མདོ་ཕྱོགས་ཀྱི་བཙོན་ཁང་ཞིག་ནང་བཀག་ཉར་བྱེད་མུས་ཡིན་འདུག