གསར་འགྱུར་ཡིག་ཚགས།
2021-10-05
རྒྱ་ནག་གཞུང་གི་གནོན་ཤུགས་ཡོད་མིན་ལ་མ་བལྟོས་པར་བོད་མིའི་སྒྲིག་འཛུགས་དང་ཐེ་ཝན་གཞུང་གཉིས་བར་འབྲེལ་ལམ་ཐག་ཉེ་རུ་གཏོང་བཞིན་འདུག
2021-10-04
ལོ་ངོ་༧༡་ཡར་སྔོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག་ཐོག་མ་གནང་སྐབས་རྒྱབ་སྐྱོར་གནང་མཁན་བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་ཞིག་དགོངས་པ་རྫོགས་པར་སྲིད་སྐྱོང་མཆོག་གིས་ཐུགས་གསོ་གནང་འདུག
2021-10-04
རྒྱ་ནག་གཞུང་གིས་རྒྱ་ཡིག་གི་ལམ་ནས་ནང་བསྟན་སློབ་ཐབས་ཀྱི་བསླབ་གཞིའི་དཔྱད་ཞིབ་བྱེད་བཞིན་པ་ནི་བླུན་རྨོངས་དང་དབང་བསྒྱུར་ཁོ་ནར་དམིགས་པ་ཞིག་ལས་ནང་བསྟན་གཞུང་ལུགས་ཁག་རྒྱ་ཡིག་ནང་ཁྲིད་རྒྱུ་ཁག་པོ་ཡིན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུངས་བྱུང་།
2021-10-04
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ནས་ཐེ་ཝན་གྱི་དོན་གཅོད་དང་དེ་མིན་རྒྱལ་ཁབ་གཉིས་ཀྱི་གཞུང་ཚབ་ཀྱི་གནད་ཡོད་མི་སྣ་དང་མཇལ་མོལ་གནང་འདུག
2021-10-02
མཁའ་དབྱིངས་སུ་རང་སྐྱ་འཕེར་བའི་ཚད་མཐོའི་འཕྲུལ་རིགས་ཀྱི་གནམ་གྲུ་ཤར་གཏོང་གི་ནུས་པ་ཙམ་དུ་མ་ཟད་རྒྱལ་ཁབ་གཞན་གྱི་འཕྲུལ་ལས་ལ་བརྟེན་མི་དགོས་པར་འགྲུལ་སྐྱེལ་གནམ་གྲུའི་ཕུར་བསྐྱོད་ཀྱི་ལག་རྩལ་ཡང་ཡོད་པའི་རྣམ་པ་མངོན་ཐོན་བྱས་ཡོད་འདུག
2021-10-02
བེལ་ཇི་ཡམ་གྱི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་སྐུ་ཞབསDr. Samuel Cogolati མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་འདུག
2021-10-01
རྒྱ་ནག་དམར་ཤོག་སྲིད་གཞུང་དབུ་བརྙེས་ནས་ལོ་ངོ་༧༢་འཁོར་བའི་ཉིན་མོ་དང་བསྟུན་ཐེ་ཝན་དང་ཨ་རི་སོགས་ཡུལ་ལུང་ཁག་ཅིག་ནང་བོད་མི་དང་ཡུ་གུར་སོགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
2021-10-01
རྒྱ་གར་གཞུང་གི་མཐུན་འགྱུར་འོག་དཔལ་ནཱ་ལེན་དྲའི་ཆོས་བརྒྱུད་ཀྱི་ཤུལ་བཞག་དང་དེའི་གལ་གནད་དང་འབྲེལ་བའི་བརྗོད་གཞི་ཐོག་ནང་པའི་ལྷན་ཚོགས་ཞིག་རྡ་རམ་ས་ལར་འཚོགས་གནང་སོང་།
2021-10-01
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་དང་མཉམ་རྒྱ་གར་གཞུང་ལ་བཀའ་དྲིན་ཆེ་ཞུས་གནང་འདུག
2021-10-01
རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པར་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་དང་སྒོ་ཤེས་རབ་རྒྱ་མཚོ་ལགས་གཉིས་ཀྱི་གནས་སྟངས་སྐོར་གསལ་བཤད་ལན་འདེབས་བྱེད་དགོས་བྱུང་འདུག
2021-09-30
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བཙུགས་ནས་ལོ་ ༢༥ འཁོར་བར་འཚམས་འདྲིའི་གསུང་འཕྲིན་སྩལ་བའི་ནང་། གནས་ཚུལ་འགྲོ་འོང་གི་རང་དབང་མེད་པའི་ས་ཁུལ་ཁག་ནང་གནས་ཚུལ་སྤེལ་ཐབས་ཀྱི་ལས་དོན་གཉེར་བཞིན་པར་བསྔགས་བརྗོད་ཡོད་པ་བཀའ་གནང་འདུག
2021-09-30
བོད་མིའི་སྒྲིག་འཛུགས་ངོས་ནས་གསར་འགོད་རང་དབང་ཐོག་ལ་མཐུན་འགྱུར་གང་ཡོང་གནང་རྒྱུ་ཡིན་པ་དམིགས་བསལ་འཚམས་འཕྲིན་གནང་པའི་ནང་གསུངས་ཡོད་པ་རེད།
2021-09-30
རྫ་ཆུ་ཁ་དབོན་པོ་དགོན་གྲོང་གཉིས་ནས་སྔ་རྗེས་བོད་མི་སྐྱ་སེར་༡༡༧འཛིན་བཟུང་བཀག་ཉར་བྱས་པའི་ཁྲོད་དགེ་འདུན་པ་གསུམ་མ་གཏོགས་གཞན་བོད་མི་སྐྱ་སེར་༡༡༤ཚང་མ་གློད་གྲོལ་བཏང་ཡོད་པ་རེད།
2021-09-30
འདི་ཚེས་༢༩ ཉིན་གྱི་ཕྱེད་ཡོལ་ནང་མོལ་ཚོགས་འདུའི་སྐུ་ཚབ་གསུམ་དགའ་ལྡན་ཕོ་བྲང་ཡིག་ཚང་དུ་ཆེད་བཅར་ཀྱིས་མཚན་འཁོད་སྙན་ཞུ་སྒྲོན་འབུལ་ཞུས་ཟིན་ཡོད་འདུག
2021-09-29
སྐབས་༡༧་པའི་བདམས་ཐོན་སྤྱི་འཐུས་རྣམ་བའི་བར་དཀའ་རྙོག་སེལ་ཐབས་སླད་ཉིན་གཉིས་དང་ཕྱེད་ཀའི་རིང་ནང་མོལ་ཚོགས་འདུ་ཚོགས་ཡོད་ཀྱང་ཐག་གཅོད་མ་བྱུང་བར་མུ་མཐུད་དུ་གནས་ཡོད་འདུག