སྲིད་སྐྱོང་མཆོག་གིས་ཐེ་ཝན་གཞུང་གི་དོན་གཅོད་དང་གཞན་རྒྱལ་ཁབ་ཁག་ཅིག་གི་གཞུང་ཚབ་མི་སྣ་དང་མཇལ་མོལ་གནང་འདུག

2021.10.04
སྲིད་སྐྱོང་མཆོག་གིས་ཐེ་ཝན་གཞུང་གི་དོན་གཅོད་དང་གཞན་རྒྱལ་ཁབ་ཁག་ཅིག་གི་གཞུང་ཚབ་མི་སྣ་དང་མཇལ་མོལ་གནང་འདུག སྲིད་སྐྱོང་མཆོག་གིས་ཐེ་ཝན་གཞུང་གི་ལྡི་ལི་དོན་གཅོད་མཇལ་འཕྲད་སྐབས། ༡༠།༤།༢༡
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆེད་ཕེབས་ཀྱིས། སྤྱི་ཟླ་༡༠་པའི་ཚེས་༤་ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་བཅའ་སྡོད་ཐེ་ཝན་གཞུང་གི་དོན་གཅོད་ཁང་དུ་ཆེད་བཅར་གྱིས། ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་སྐུ་ཞབས་(H.E. Baushuan Ger)་ལགས་དང་མཇལ་འཕྲད་གནང་སྟེ། ཕྱོགས་གཉིས་ཀས་དོ་ཁུར་ཆེ་བའི་བརྗོད་གཞི་ཁག་ཅིག་གི་ཐོག ཆུ་ཚོད་གཅིག་ཙམ་གྱི་རིང་བཀའ་མོལ་ལྷུག་པོར་གནང་ཡོད་པ་མ་ཟད། དེ་མིན་ཡང་རྒྱལ་ཁབ་གཞན་གཉིས་ཀྱི་གཞུང་ཚབ་ཀྱི་གནད་ཡོད་མི་སྣ་དང་མཇལ་མོལ་གནང་ཡོད་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་ཟླ་༡༠་པའི་ཚེས་༣་ནས་༤་བར་གྱི་མཛད་རིམ་ཁག་ལེགས་པར་འགྲུབ་ནས། སྤྱི་ཚེས་༥་ཉིན་གྱི་ཞོགས་པར་བཞུགས་སྒར་དུ་ཕྱིར་ཕེབས་གནང་གི་ཡོད་པ་ལྡི་ལི་དོན་གཅོད་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་དུ་བཅའ་སྡོད་ཐེ་ཝན་དོན་གཅོད་ཁང་གཞུང་འབྲེལ་གྱིས་ཐེ་ཝན་གྱི་དཔལ་འབྱོར་དང་རིག་གཞུང་ལྟེ་གནས་ཁང་ཟེར་གྱིན་ཡོད་ནའང་དོན་དུ་ཐའེ་ཝན་གྱི་གཞུང་ཚབ་ཁང་ཡིན་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དེའི་སྔོན་སྤྱི་ཟླ་༦་པའི་ཚེས་༢༡་ཉིན་ལྡི་ལིའི་ནང་ཕེབས་ཏེ། རྒྱ་གར་དབུས་གཞུང་གི་གནད་ཡོད་དཔོན་རིགས་ཁག་ཅིག་མཇལ་འཕྲད་གནང་ཡོད་པ་དང་། སྤྱི་ཟླ་༩་པའི་ཚེས་༡༣་ཉིན་ཡང་བསྐྱར་ལྡི་ལི་རུ་ཆེད་ཕེབས་ཀྱིས། རྒྱ་གར་དབུས་གཞུང་གི་ཁྲིམས་ལུགས་བློན་ཆེན་ཁེ་རན་ཇཱ་ཇི་ཇུ་(Kiren་Rijiju)་ལགས་དང་མཇལ་མོལ་གནང་ཡོད་པ་མ་ཟད། རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེ་དང་། དབུས་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་གཅིག་ལྕོགས་ལྕམ་སྐུ་(Smt. Lamchonghoi Sweety Changsan)་མཆོག་དང་མཇལ་འཕྲད་ཀྱིས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ལྷག་མ་དྲུག་རྩིས་ལེན་ཕྱོགས་དང་འབྲེལ་བའི་ཐད་བཀའ་མོལ་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎