སྲིད་སྐྱོང་སྤེན་ཚེ་རིང་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བཙུགས་ནས་ལོ་ ༢༥ འཁོར་བར་འཚམས་འདྲི་གནང་བ།
2021.09.30
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དབུ་བརྙེས་ནས་ལོ་ ༢༥ འཁོར་བར་འཚམས་འཕྲིན་གནང་པའི་ནང་། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཟམ་གྱི་ལས་དོན་སྒྲུབ་པ་ནི། བོད་མིའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་ཕན་རླབས་བྱུང་ཡོད་པ་གསུངས་ཤིང་། བོད་མིའི་སྒྲིག་འཛུགས་ངོས་ནས་གསར་འགོད་རང་དབང་ཐོག་ལ་མཐུན་འགྱུར་གང་ཡོང་གནང་རྒྱུ་ཡིན་པ་དམིགས་བསལ་འཚམས་འཕྲིན་གནང་པའི་ནང་གསུངས་ཡོད་པ་རེད། འཚམས་འཕྲིན་གྱི་བརྙན་པར་གཤམ་གྱི་དྲ་ཚིག་ཐོག་སྣོན་ན་གཟིགས་ཐུབ།