ཏ་མིལ་གྱེན་ལོག་པར་དྲག་རྒོལ་མཚམས་འཇོག་གནང་རྩིས་མེད་པ།

བར་ལམ་ཤི་རི་ལང་ཀའི་གཞུང་གི་དམག་མིས་ཏ་མིལ་སྟག་གྱེན་ལོག་པར་དྲག་རྒོལ་མཚམས་འཇོག་གནང་རྩིས་མེད་པའི་གནས་ཚུལ།

2009.02.05

༄༅༎ཤི་རི་ལང་ཀའི་གཞུང་གིས་ཏ་མིལ་གྱི་གྱེན་ལོག་པར་དྲག་རྒོལ་མཚམས་འཇོག་གནང་རྩིས་མེད་པའི་གནས་ཚུལ་ཐོན་འདུག

བར་ལམ་ཤི་རི་ལང་ཀའི་གཞུང་གི་དམག་མི་དང་ཏ་མིལ་སྟག་གྱེན་ལོག་དབར་གྱི་འཐབ་རྩོད་ནང་ཞི་བའི་ཡུལ་མི་མང་པོ་ཚུད་ཡོད་པ་དེ་དག་ལ་སྲུང་སྐྱོབ་དང་སྐྱོབ་གསོ་དུས་ཐོག་འཁྱོལ་བའི་ཆེད་དུ་ཕྱོགས་གཉིས་ཀས་འཕྲལ་དུ་མེ་འཕེན་མཚམས་འཇོག་དགོས་ལུགས་ཨ་མི་རི་ཀ་དང་དབྱིན་ཡུལ།ཁེ་ན་ཌ་བཅས་ཀྱིས་འབོད་བསྐུལ་ཞུས་འདུག མཉམ་སྦྲེལ་རྒྱལ་ཚོགས་དང་རོགས་སྐྱོར་ཚོགས་པ་ཁག་གིས་འགྲེལ་བརྗོད་གནང་བར་གཞིགས་ན་འཐབ་རྩོད་ནང་ཞི་བའི་མི་མང་ཉིས་འབུམ་ལྔ་ཁྲི་ཚུད་དེ་མང་པོའི་ཚེ་སྲོག་ཤོར་བཞིན་པ་དང་རེས་གཟའ་མིག་དམར་ཉིན་མི་མང་༥༢རྐྱེན་ལམ་དུ་ཕྱིན་ཡོད་ལུགས་འགྲེལ་བརྗོད་གནང་འདུག འོན་ཀྱང་དངོས་སུ་ཡུལ་མི་བརྒྱ་ཕྲག་མང་པོ་རྐྱེན་ལམ་དུ་ཕྱིན་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་འདུག གཞུང་གིས་ད་བར་མེ་འཕེན་མཚམས་འཇོག་བྱས་མེད་པ་མ་ཟད་གྱེན་ལོག་པ་ལྷག་འཕྲོས་རྣམས་རྩ་མེད་བཟོ་རྒྱུར་ངང་སྒུག་བྱེད་ཀྱི་ཡོད་ལུགས་སྲིད་བློན་རཐ་ན་ཤི་རི་ལྦིཀ་རེ་མ་ན་ཡ་ཀེ་ཡིས་གྲོས་ཚོགས་ནང་གཏམ་བཤད་གནང་འདུག ཏ་མིལ་གྱེན་ལོག་པས་ལོ་ཉི་ཤུ་རྩ་ལྔའི་གོང་ནས་སྤེལ་བའི་ཁ་བྲལ་གྱི་ལས་འགུལ་དེ་ད་ཆ་མཐའ་ལ་ཐུག་ཡོད་པའི་རྣམ་པ་གསལ་པོ་ཡོད་འདུག འཐབ་རྩོད་དེའི་ནང་ད་བར་ཡུལ་མི་ཁྲི་བདུན་ཙམ་གྱི་ཚེ་སྲོག་ཤོར་ཡོད་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎