མའོས་རྒྱ་གར་གྱི་སྲི་ཞུ་བ་བཙན་ཁྲིད་བྱས་པ།

རྒྱ་གར་ནང་མའོ་གྱེན་ལོག་ཤོག་ཁག་གིས་གཞུང་གི་སྲི་ཞུ་བ་མཐོ་གྲས་ཤིག་བཙན་ཁྲིད་བྱས་ཡོད་པའི་གནས་ཚུལ།

2012.04.22

༄༅༎རྒྱ་གར་ནང་མའོ་གྱེན་ལོག་ཤོག་ཁག་གིས་གཞུང་གི་སྲི་ཞུ་བ་མཐོ་གྲས་ཤིག་བཙན་ཁྲིད་ཀྱིས་སྐུ་སྲུང་བ་གཉིས་རྐྱེན་ལམ་དུ་བཏང་འདུག
རྒྱ་གར་དབུས་ཀྱི་མངའ་སྡེ་ཆ་ཏིསྒར་(Chhatisgarh)གྱི་སུཀ་མ་(Sugma)རྫོང་གི་ཁྲལ་བསྡུའི་འགན་འཛིན་ཨེ་ལེཀསེ་མེ་ནོན་(Alex Menon)གཞུང་འབྲེལ་བལྟ་སྐོར་དུ་བསྐྱོད་སྐབས་ལམ་བར་དུ་མའོ་གྱེན་ལོག་ཤོག་ཁག་གི་རུ་ཁག་གཅིག་གིས་དྲག་རྒོལ་གྱིས་ཁོང་གི་སྐུ་སྲུང་གཉིས་ལ་མེ་མདའ་བརྒྱབ་ནས་བསད་ནས་ཁོང་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་འདུག  དོན་རྐྱེན་དེ་བཞིན་མངའ་སྡེའི་རྒྱལ་ས་རའི་པུར་(Raipur)ནས་ཀི་ལོ་མི་ཊར་ཉིས་བརྒྱ་ཐམ་པའི་སུར་བྱུང་ཡོད་པ་དང་།ཉེན་སྲུང་མི་སྣས་གཞུང་ཞབས་པ་ ཨེ་ལེཀསེ་མེ་ནོན་གློད་བཀྲོལ་ཆེད་ཐབས་ཤེས་ཡང་ཡོད་གནང་གི་ཡོད་ལུསས་མངའ་སྡེའི་བློན་ཆེན་ར་མན་སིངྒ་(Raman Singh) གིས་གསར་གསུངས་ཡོད་པ་བརྒྱུད་ལམ་ཁག་གིས་ལུང་འདྲེན་བྱས་འདུག དོན་རྐྱེན་འདི་གོང་ཨོ་རི་ས་མངའ་སྡེའི་ནང་མའོ་གྱེན་ལོག་པས་ཨི་ཊ་ལིའི་འགྲིམ་འགྲུལ་ལས་བྱེད་པ་ཞིག་བཙན་ཁྲིད་ཀྱིས་གློད་བཀྲོལ་བྱས་ནས་ཉིན་བཅུའི་རྗེས་སུ་བྱུང་ཡོད་འདུག དེ་མ་ཟད་ཨོ་རི་སའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་ཀྱང་ཟླ་བ་སྔོན་མ་བཙན་ཁྲིད་བྱས་པ་དེ་ད་བར་གློལ་འགྲོལ་བཏང་མེད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎