རྒྱ་ནག་གིས་ཤི་རི་ལང་ཀར་མཛའ་འབྲེལ་སྟོན་ཞོར་ཉེན་བརྡ་བཏང་།
2015.03.26

ཤི་རི་ལང་ཀའི་ནང་རྒྱ་ནག་གི་རོཊ་དངུལ་བུན་གཡར་ཐོག་འགོ་འཛུཊ་བྱས་པའི་འཛུཊ་བསྐྲུན་ལས་གཞི་མཚམས་འཇོག་འགྲིག་མིན་གྱི་ཉེན་བརྡ་བཏང་།
དེ་ཡང་དེང་སྐབས་ཤི་རི་ལང་ཀའི་སྲིད་འཛིན་Maithripala Sirisenaམཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་གནང་བཞིན་པ་ལྟར། འདི་ཚེས་༢༦ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་མི་མང་ཚོགས་ཁང་ཆེན་མོའི་ནང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་དང་མཇལ་འཕྲད་གནང་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་གྱིས། སྲིད་འཛིན་Maithripala Sirisenaལ་ཁྱེད་ནི་རྒྱ་ནག་མི་མང་གི་གྲོགས་པོ་རྙིང་པ་ཞིག་ཡིན་པ་དང་། ང་ཚོའི་རྒྱལ་ཁབ་གཉིས་དབར་ཕན་ཚུན་རོགས་སྐྱོར་བྱེད་པའི་འབྲེལ་ལམ་དེ་མུ་མཐུད་ཉར་ཚགས་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུང་འདུག་ཀྱང༌། ཤི་རི་ལང་ཀའི་སྲིད་འཛིན་གྱི་རྒྱལ་དོན་འཚམས་གཟིགས་སྐབས་ རྒྱ་ནག་གཞུང་གིས་གཉེར་བའི་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་གནས་ཚུལ་སྤེལ་བའི་ནང༌། ཤི་རི་ལང་ཀའི་ནང་འཛུགས་བསྐྲུན་ཡར་རྒྱས་གཏོང་རྒྱུའི་ཆེད་ཕྱི་ཕྱོགས་ཀྱི་མ་རྩ་འཛུགས་མཁན་དགོས་ཀྱི་ཡོད་པར་བརྟེན། གལ་སྲིད་ཤི་རི་ལང་ཀའི་སྲིད་འཛིན་ཟུར་པ་ Rajapaksaཡི་སྐབས་སུ་ཡུལ་དེའི་ནང་རྒྱ་ནག་གི་རོགས་དངུལ་བུན་གཡར་ཐོག་ནས་འགོ་འཛུགས་བྱས་པའི་འཛུགས་བསྐྲུན་ལས་གཞི་དེ་དག་འཚམས་འཇོགས་བྱས་པ་ཡིན་ཚེ། མ་འོངས་པར་ཡུལ་དེར་ཕྱི་ཕྱོགས་ཀྱི་རོགས་རམ་སྤྲོད་མཁན་ཡོང་རྒྱུ་ཁག་པོ་ཆགས་བཟོ་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག་པ་དང༌། དེ་ལྟབུའི་ཉེན་བརྡ་གཏོང་དགོས་པའི་རྒྱུ་མཚན་ནི། དེ་སྔ་ཤི་རི་ལང་ཀའི་སྲིད་འཛིན་ཟུར་པ་Rajapaksaཡི་གཞུང་འཛིན་སྐབས། རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་གཅིག་དང་ཕྱེད་ཀ་ཙམ་བུན་གཡར་བྱས་པའི་ཐོག་ནས་ཡུལ་དེའི་རྒྱལ་ས་Colomboཡི་ཉེ་འཁྲིས་ཀྱི་མཚོ་ཁའི་ས་ཁུལ་ཞིག་ཏུ་གྲོང་ཁྱེར་གསར་པ་ཞིག་འཛུགས་བསྐྲུན་བྱ་རྒྱུའི་ལས་གཞི་འགོ་འཛུགས་བྱས་ཡོད་ཀྱང༌། འདི་ལོའི་ཕྱི་ཟླ་༡པོའི་ནང་ཤི་རི་ལང་ཀའི་སྲིད་འཛིན་གསར་པར་Maithripala Sirisenaའདེམས་ཐོན་བྱུང་བའི་རྗེས། ཁོང་གིས་གྲོང་ཁྱེར་གསར་པའི་འཛུགས་བསྐྲུན་ལས་གཞི་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད།
གསར་འགོད་པ་ངག་ཆོས།