༧གོང་ས་མཆོག་ཐེ་ཝན་དང་ཤི་རི་ལང་ཀར་གདན་ཞུ་གནང་བ།


2015.03.19
༧གོང་ས་མཆོག་གིས་ཀོ་རི་ཡའི་དད་ལྡན་ལ་མཇལ་འཕྲད། ༢༠༡༤།༡༡།༡༣ ༧གོང་ས་མཆོག་གིས་ཀོ་རི་ཡའི་དད་ལྡན་ལ་མཇལ་འཕྲད། ༢༠༡༤།༡༡།༡༣
T Choejor

༧གོང་ས་མཆོག་ཐེ་ཝན་དང་ཤི་རི་ལང་ཀར་ཕེབས་རྒྱུར་ཁུལ་དེའི་ནང་བའི་ཚོགས་སྡེ་དང་དད་ལྡན་པ་ཚོས་གདན་ཞུ་གནང་འདུག
དེ་ཡང་འདི་ཚེས་༡༩ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང༌། ཤི་རི་ལང་ཀ་ནས་ཕེབས་པའི་གནས་རྟེན་སྡེ་པའི་བླ་ཆེན་ཁག་ཅིག་དང༌། ཐེག་ཆེན་གྱི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་བའི་ལུགས་དབར་དམ་ཆོས་འདུལ་བའི་ཚོགས་འདུ་ཞིག་སྐོང་འཚོགས་གནང་བའི་ཚོགས་མགོན་དུ་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་ཡོད་པ་དང༌། སྐབས་དེར་ཤི་རི་ལང་ཀའི་བླ་ཆེན་དང་སྐུ་ཚབ་རྣམ་པས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཤི་རི་ལང་ཀར་ཆིབས་བསྒྱུར་ཡོང་བའི་གདན་ཞུ་ཕུལ་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཤི་རི་ལང་ཀ་ནི་ནང་པའི་རྒྱལ་ཁབ་ཅིག་ཡིན་སྟབས་གང་ཉིད་ཡུལ་དེར་ཕེབས་འདོད་ཆེན་པོ་ཡོད་ཀྱང༌། ཆབ་སྲིད་ཀྱི་རྐྱེན་པས་ནང་པའི་རྒྱལ་ཁབ་ཁག་ཏུ་ཕེབས་རྒྱུར་འགོག་རྐྱེན་འཕྲད་བཞིན་ཡོད་སྐོར་གསུང་ཡོད་པ་ལྟར། ད་ལམ་དམ་ཆོས་འདུལ་བའི་ཚོགས་འདུར་བཅར་མཁན་ཤི་རི་ལང་ཀའི་ནང་པའི་ཆོས་ཚོགས་Mahabodhi Societyཅེས་པའི་ཚོགས་གཙོ་Banagala Upatissa Theroཞུ་བས་ཀྱང་། ལོ་གཉིས་ཀྱི་གོང་ངོས་ནས་ཏཱ་ལའི་བླ་མ་མཆོག་ཤི་རི་ལང་ཀར་གདན་འདྲེན་ཞུ་རྒྱུའི་འབད་བརྩོན་བྱས་པ་ཡིན་ཡང་། ཆབ་སྲིད་ཀྱི་རྐྱེན་པས་འབད་བརྩོན་དེ་ལམ་ལྷོང་བྱུང་མ་སོང༌། ད་ཆ་ཤི་རི་ལང་ཀའི་ནང་གཞུང་འཛིན་འཕོ་འགྱུར་ཕྱིན་ཡོད་སྟབས། ད་ལྟའི་སྲིད་འཛིན་Maithripala Sirisenaཡིས་ཏྭ་ལའི་བླ་མའི་ཆིབས་བསྒྱུར་ལ་ཆོག་མཆན་གནང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུང་འདུག  
དེ་བཞིན་ཕྱི་ཚེས་༡༦ཉིན་ཐེ་ཝན་དབུས་གཞུང་གི་གསར་ཁང་གིས་བཞུགས་སྒར་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཐེ་ཝན་གྱི་ཆོས་ཚོགས་ཁག་ཅིག་གཙོ་བོར་གྱུར་བའི་མི་གྲངས་༡༢ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་ཕྱི་ཚེས་༡༦ཉིན་༧གོང་ས་མཆོག་མཇལ་བཅར་ཞུས་ནས་ཐེ་ཝན་གྱི་ཚོགས་སྡེ་ཁག་༡༥ཐུན་མོང་གིས་ས་རྟགས་བཀོད་པའི་མགྲོན་ཤོག་ཤིག་ཕུལ་ཏེ་༧གོང་ས་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་གནང་སྐྱོང་ཡོང་པའི་གསོལ་འདེབས་ཞུས་ཡོད་འདུག སྐབས་དེར་༧གོང་ས་མཆོག་གིས་ཐེ་ཝན་གཞུང་ཕྱོགས་ལ་གང་ཉིད་ཡུལ་དེར་ཕེབས་རྒྱུར་དཀའ་རྙོག་དེ་འདྲ་མེད་ཚེ་དུས་ཚོད་ནམ་བྱུང་ཕེབས་རྒྱུའི་དགོངས་བཞེས་ཡོད་སྐོར་བཀའ་ལན་གནང་ཡོད་འདུག
༧གོང་ས་མཆོག་ཕྱི་ལོ་༢༠༠༩ལོའི་ཟླ་བ་༩ པའི་ནང་ཐེ་ཝན་ནང་ཆར་རླུང་དྲག་པོའི་གནོད་འཚེ་བྱུང་སྐབས་ཐེ་ཝན་གྱི་གྲོང་ཁྱེར་སྤྱི་ཁྱབ་བདུན་གཙོས་དད་ལྡན་མང་ཚོགས་ཀྱིས་གསོལ་འདེབས་ཞུས་དོན་ལྟར། ཡུལ་དེར་ཆིབས་བསྒྱུར་བསྐྱངས་ཡོད་པ་མ་ཟད། མགོན་པོ་གང་ཉིད་ཐེ་ཝན་དུ་ཕྱི་ལོ་༡༩༩༧ལོ་དང་། ཕྱི་ལོ་ ༢༠༠༡ ལོར་ཡང་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།   

གསར་འགོད་པ་ངག་དབང་ཆོས་འཕེལ་དང་ལྷུན་གྲུབ་ཚེ་རིང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎