སྐྱབས་བཅོལ་དུ་འགྲོ་མཁན་མི་གྲངས་༦༡འཛིན་བཟུང་།

ཤི་རི་ལིང་ཀའི་མཚོ་ཁའི་ཉེན་རྟོག་པས་ཨོ་སེ་ཀྲོ་ལི་ཡའི་ནང་སྐྱབས་བཅོལ་དུ་འགྲོ་མཁན་མི་གྲངས་༦༡འཛིན་བཟུང་བྱས་ཡོད་འདུག

2012.07.16

རེས་གཟའ་ཟླ་བའི་ཉིན་མིང་འདོན་གནང་འདོད་མེད་པའི་མཚོ་དམག་གི་དཔོན་རིགས་ཤིས་གསུངས་པར་གཞིགས་ན་འདས་པའི་ཉིན་གཉིས་ནང་ཁྲིམས་འགལ་ཐོག་བྲོས་བྱོལ་གྱིས་ཨོ་སོ་ཀྲོ་ལི་ཡའི་ནང་སྐྱབས་བཅོལ་དུ་འགྲོ་ཐབས་བྱེད་མཁན་ཐེངས་གཉིས་པ་དེ་ཡིན་ལུགས་འགྲེལ་བརྗོད་གནང་འདུག།  ཤར་ཕྱོགས་ཀྱི་མཚོ་ཁ་ནས་བྲོས་བྱོལ་བ་༦༡དེ་དག་རྒྱལ་ས་ཀོ་ལོམྦི(Colombo)ནས་ཀི་ལོ་མི་ཊར༢༦ཐམ་པའི་སར་ཊིནྐོ་མ་ལི་(Trincomalee) མཚོ་ཁར་འཁྲིད་ཡོད་འདུག།  ཉིན་གཅིག་གོང་ས་ཁུལ་དེ་ག་རང་ནས་ཡུལ་མི་༡༣༡གིས་བྲོས་ཐབས་ཁག་གཉིས་བྱས་ཡོད་པ་དེ་དག་ཀྱང་འཛིན་བཟུང་བྱས་ཡོད་འདུག།  གནས་ཚུལ་ནང་ཐོན་པར་གཞིགས་ནས་འདས་པའི་བདུན་ཕྲག་ནང་ཤི་རི་ལངྐའི་ཡུལ་མི་༣༡༥ལྷག་ཁྲིམས་འགལ་ཐོག་ཨོ་སེ་ཀྲོ་ལིའི་ནང་སྐྱབས་བཅོལ་དུ་བྲོས་ཐབས་བྱས་ཡོད་འདུག། བྲོས་བྱོལ་བ་དེ་དག་ཉེན་སྲུང་མི་སྣས་འཛིན་བཟུང་གི་ཉེན་ཁ་ཡོད་པ་མ་ཟད་མང་པོ་མཚོར་ལྷུང་ནས་ཤི་མཁན་ཡང་མི་ཉུང་བ་ཡོང་གི་ཡོད་རེད།  དཔེར་ན་འདས་པའི་བདུན་ཕྲག་ཁ་ཤས་ནང་བྲོས་བྱོལ་བ་༩༤གྲུ་ཁ་ལོག་ནས་རྐྱེན་འདས་སུ་ཕྱིན་འདུག།  ད་བར་ཨོ་སི་ཀྲོ་ལི་ཡའི་ནང་མཚོ་ཐོག་སྐྱབས་བཅོལ་ཞུ་མཁན་མང་ཆེ་བ་ཨིནྜོ་ནེ་ཤི་ཡ་ནས་ཡིན་ཀྱང་བར་ལམ་ཤི་རི་ཀངྐ་ནས་སྐྱབས་བཅོལ་ཞུ་མཁན་མང་དུ་ཕྱིན་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎