སྲིད་སྐྱོང་མཆོག་ལྡི་ལི་བརྒྱུད་ཉི་ཧོང་ལ་ཕེབས་གཏན་འཁེལ་འདུག


2017.02.01
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག 2016 བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག 2016
Lhuboom/RFA

སྲིད་སྐྱོང་མཆོག་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ་བོད་ཀྱི་གནད་དོན་དང་འབྲེལ་བའི་ཐད་ལ་གཏམ་བཤད་ཁག་ཅིག་སྤེལ་རྒྱུ་ཡིན་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སྤྱི་ཚེས་༢་ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གྱིས་ལྡི་ལིར་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་གྲུབ་རྗེས་སྤྱི་ཚེས་༤་ཉིན་ཉི་ཧོང་ལ་ཕེབས་རྒྱུ་ཡིན་ཞིང་། ཉི་ཧོང་དུ་སྤྱི་ཚེས་༤་ནས་༡༨་བར་སྲིད་སྐྱོང་མཆོག་གིས་འཛམ་གླིང་དང་ཨེ་ཤ་ཡ། དེ་བཞིན་བོད་དང་འབྲེལ་བའི་གནད་དོན་སྐོར་ལ་གཏམ་བཤད་ཁག་ཅིག་སྤེལ་རྒྱུའི་ལས་འཆར་ཡོད་འདུག་པ་མ་ཟད། ཉི་ཧོང་ནང་གི་གྲགས་ཆེ་བའི་རིག་གཞུང་དང་སློབ་གསོའི་ལྟེ་གནས་ཁག་ཅིག་དུའང་འཚམས་གཟིགས་གནང་རྒྱུ་ཡིན་འདུག
སྲིད་སྐྱོང་མཆོག་ཉི་ཧོང་དུ་འཚམས་གཟིགས་ཕེབས་བ་དང་སྟབས་བསྟུན་སྤྱི་ཟླ་༢་པའི་ཚེས་༡༡་ཉིན་ཉི་ཧོང་ནང་གི་བོད་ཀྱི་དོན་གཅོད་ཁང་གིས་སྲིད་སྐྱོང་མཆོག་ཉི་ཧོང་དུ་ཕེབས་བར་དགའ་བསུའི་སྣེ་ལེན་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་ཞིང་། སྐབས་དེར་ཉི་ཧོང་གི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་མཉམ་ཞུགས་གནང་རྒྱུ་ཡིན་འདུག
དེ་ནས་ཡང་སྤྱི་ཚེས་༡༢་ཉིན་ཉི་ཧོང་གི་རྒྱལ་ས་Tokyo་ནང་གི་བོད་ཀྱི་དོན་གཅོད་ཁང་དུ་བོད་མི་ཚོ་དང་མཇལ་འཕྲད་དང་ཁོང་ཚོར་གསུང་བཤད་གནང་རྒྱུ་ཡིན་པ་མ་ཟད། ཉིན་དེའི་དགོང་མོར་སྲིད་སྐྱོང་མཆོག་གིས་བོད་ནང་གི་ཡ་ང་བའི་གནས་སྟངས། མདུན་བསྐྱོད་ཀྱི་ཐབས་ལམ་ཅི་ཞིག་ཡོད་པ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་རྒྱུ་ཡིན་འདུག
ལས་འཆར་འདི་ནི་ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་Super Samgha ཞེས་པ་དེས་གོ་སྒྲིག་བྱ་རྒྱུ་ཡིན་འདུག
དེ་ནས་སྤྱི་ཚེས་༡༣་ཉིན་སྲིད་སྐྱོང་མཆོག་གིས་ཉི་ཧོང་རྒྱལ་ཡོངས་གཞི་རྩའི་ཁེ་དབང་ལྟེ་གནས་ཁང་གི་འགོ་གཙོ་(Yoshiko Sakurai)་དང་བཀའ་མོལ་གནང་རྒྱུ་ཡིན་ཞིང་། ཁོང་ནི་བོད་ཀྱི་གནད་དོན་ཐད་ལ་ཧ་ཅང་དོ་སྣང་སེམས་ཁུར་ཅན་གྱི་མི་སྣ་ཞིག་ཡིན་འདུག ཉིན་དེའི་ཕྱི་དྲོར་སྲིད་སྐྱོང་མཆོག་གིས་ཀྱང་ཉི་ཧོང་གི་ཕྱི་རྒྱལ་གསར་འགོད་པའི་ཚོགས་ཁང་དུ་གསར་འགོད་པར་བཀའ་མོལ་གནང་རྒྱུ་ཡིན་པ་སོགས་མཛད་འཆར་ཁག་ཅིག་སྤེལ་རྒྱུ་ཡིན་འདུག
སྲིད་སྐྱོང་མཆོག་ད་ཐེངས་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཐེངས་གསུམ་པ་དེ་ཆགས་ཡོད་འདུག།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎