སྲིད་སྐྱོང་མཆོག་གིས་བོད་ལོ་གསར་པར་འཚམས་འདྲི་གནང་འདུག


2017.02.24
སྲིད་སྐྱོང་མཆོག་གིས་བོད་ཀྱི་ལོ་གསར་ལ་ཤིས་ཚིག་ཕུལ་སྐབས། ༢༠༡༧།༢།༢༤ སྲིད་སྐྱོང་མཆོག་གིས་བོད་ཀྱི་ལོ་གསར་ལ་ཤིས་ཚིག་ཕུལ་སྐབས། ༢༠༡༧།༢།༢༤
tibet.net

ལོ་གསར་པའི་ནང་ང་ཚོས་རེ་བ་དང་ཡིད་ཆེས་གསར་པ་ཞིག་གི་སྒོ་ནས་མདུན་བསྐྱོད་བྱེད་རྒྱུ་དེ་གལ་ཆེན་ཡིན་པ་སྲིད་སྐྱོང་མཆོག་གིས་གསུངས་འདུག
བརྙན་འཕྲིན་བརྒྱུད་ཕྱི་ཟླ་༢ཚེས་༢༤ཉིན་ཡོངས་ཁྱབ་གནང་པའི་འཚམས་འདྲི་དེའི་ནང་།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་བསྟན་བདག་བླ་ཆེན་རྣམ་པ་དང་། གཞིས་བྱེས་བོད་རིགས་སྤུན་ཟླ་རྣམ་པ། རྒྱ་གར་གཞུང་དམངས་གཉིས། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་གྲོགས་པོ་གྲོགས་མོ་བཅས་ལ་བཀའ་ཤག་གི་ངོས་ནས་དང་སྲིད་སྐྱོང་སྐུ་སྒེར་གྱི་ངོས་ནས བོད་རྒྱལ་ལོ ༢༡༤༤་རབ་གནས་མེ་བྱ་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་གནང་འདུག་ཅིང་། ད་དུང་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་ལོ་གསར་པའི་ནང་ང་ཚོས་རེ་བ་དང་ཡིད་ཆེས་གསར་པ་ཞིག་གི་སྒོ་ནས་མདུན་དུ་བསྐྱོད་རྒྱུ་དེ་གལ་ཆེན་ཡིན་ལ། བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་བཟང་པོ་འདི་ཉིད་མི་ཉམས་གོང་འཕེལ་ཡོང་བ་བྱ་རྒྱུ་ནི་དེ་བས་ཀྱང་གལ་ཆེ་ཡིན། དེ་བཞིན་དུ་བོད་ནང་གི་གནས་སྟངས་ཛ་དྲག་ཆགས་ཡོད་པ་འདི་ཚང་མས་ཡིད་ལ་བཅངས་ནས་སྙིང་སྟོབས་གོང་ནས་གོང་དུ་འཕེལ་ཏེ། བོད་མིའི་བདེན་པའི་འཐབ་རྩོད་ལ་མུ་མཐུད་དུ་སྐུ་ལས་བསྐྱོན་རྒྱུའི་ཆོད་སེམས་བརྟན་པོ་འཛིན་དགོས་རྒྱུའང་ཤིན་ཏུ་གལ་ཆེན་པོ་ཡིན་པ་གསུངས་འདུག་ལ་སྲིད་སྐྱོང་མཆོག་གིས་ང་ཚོས་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཡིད་ལ་བཅངས་ཏེ་ལག་བསྟར་དོན་འཁྱོལ་ཐུབ་པ་ཞིག་བྱུང་ཚེ། བོད་མིའི་སྤྱི་ཚོགས་ཙམ་མ་ཟད། བོད་མིའི་བདེན་པའི་འཐབ་རྩོད་ལའང་ཕན་རྒྱུ་ཡིན་པ་ཚང་མས་མཁྱེན་པ་ཡོང་བའི་འབོད་སྐུལ་ཡང་གནང་འདུག
མཐའ་དོན་འཚམས་འདྲི་དེའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་བརྟན་ཅིང་གཞིས་བྱེས་བོད་མི་རྣམས་མཉམ་འཛོམས་ཡོང་བའི་སྐལ་བཟང་གི་ཉིན་མོ་མྱུར་དུ་འཆར་བའི་སྨོན་མདུན་ཞུ་བ་དང་སྦྲགས། ཚང་མར་ལོ་གསར་པའི་ནང་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུས་གནང་འདུག
དེ་བཞིན་ཡང་བཙན་བྱོལ་བོད་མིའི་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་བོད་ལོ་གསར་བར་གཞིས་བྱེས་བོད་མི་ཡོངས་དང་། བོད་ཀྱི་གྲོགས་པོ་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་འཚམས་འདྲི་ཞུས་གནང་འདུག
བོད་མེ་བྱ་ལོའི་གནམ་ལོ་གསར་ཚེས་ནི་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་འཁེལ་གྱི་ཡོད་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎