སྲིད་སྐྱོང་མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གཏམ་བཤད་གནང་འདུག


2020.02.22
སྲིད་སྐྱོང་མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གཏམ་བཤད་གནང་འདུག སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་ཝར་ཇི་ནི་ཡ་གཙུག་ལག་སློབ་གྲཱ་ཆེན་མོའི་ཁྲིམས་ལུགས་སྡེ་ཚན་ནང་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་གཏམ་བཤད་གནང་བ།
དབུས་བོད་མིའི་སྒྲིག་འཛུགས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ཚེས་༢༡་ཉིན་ཝར་ཇི་ནི་ཡ་གཙུག་ལག་སློབ་གཉེར་ཁང་དུ་གཏམ་བཤད་སྐབས་གཙུག་ལག་སློབ་གྲྭའི་དགེ་ལས་དང་། སློབ་མ།  དེ་བཞིན་ས་གནས་བོད་རིགས་མི་དམངས་ཀྱང་ཕེབས་ཡོད་པ་རེད་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས་སྨྲ་བརྗོད་རང་དབང་གི་གལ་གནད་རང་བཞིན་དང་དེ་ཡང་བོད་ནང་ཕྱི་རྒྱལ་གྱི་གསར་འགོད་པ་འགྲོ་བསྐྱོད་ཐོག་ལ་བཀག་བསྡོམས་བྱས་པ་མ་ཟད། ཕྱི་རྒྱལ་གྱི་གཞུང་འབྲེལ་མི་སྣ་ཚོས་རང་དབང་གི་ཐོག་ནས་བོད་ནང་དངོས་ཡོད་གནས་སྟངས་ཤེས་རྟོགས་ཡོང་རྒྱུར་རྒྱ་ནག་གིས་འགོག་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་སྐོར་སོགས་ཞིབ་ཕྲ་གསུངས་ཡོད་པ་རེད།

དེ་བཞིན་སྲིད་སྐྱོང་མཆོག་གིས་གཏམ་བཤད་ནང་བོད་ནང་རང་ལུས་མེར་བསྲེགས་ཀྱི་མཚོན་བོད་མིའི་དཀའ་སྡུག་ཇི་ལྟར་ཡོད་སྐོར་དང་།          རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་འགྲོ་བ་མིའི་ཐོབ་ཐང་ཐོག་རང་ཉིད་ཀྱི་འདོད་པ་ལྟར་འགྲེལ་བརྗོད་མི་འདྲ་ཞིག་དང་ལོག་པ་ཞིག་རྒྱག་པ་སོགས་ཞིབ་ཕྲ་གསུངས་ཡོད་པ་རེད།དེ་དང་མཉམ་དུ་སྲིད་སྐྱོང་མཆོག་གིས་བོད་ཀྱི་སྐད་ཡིག་འཐབ་རྩོད་པ་ད་དུང་རྒྱ་ནག་གི་བཙོན་འོག་དུ་ཡོད་པའི་བཀྲིས་དབང་ཕྱུག་ལགས་དང་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་སོགས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་ལྟར་ལས་དོན་སྤེལ་ཡང་བཙོན་བཅུག་གི་གནས་སྟངས་བྱུང་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག

ད་ལན་སྲིད་སྐྱོང་མཆོག་ཝར་ཇི་ནི་ཡ་Virginia གཙུག་ལག་སློབ་གྲྭའི་ཁྲིམས་ལུགས་སྡེ་ཚན་གྱི་དཔྱིད་ཀའི་སློབ་དུས་ཀྱི་གཏམ་བཤད་སྤེལ་མཁན་སྐུ་མགྲོན་གཙོ་བོ་གདན་ཞུ་གནང་བ་ཞིག་ཡིན་པ་དང་སྐབས་དེར་གཙུག་ལག་སློབ་གྲྭའི་ཁྲིམས་ལུགས་སྡེ་ཚན་གྱི་སློབ་དཔོན་Nelson Sanchez ལགས་ཀྱིས་སྲིད་སྐྱོང་ངོ་སྤྲོད་གནང་ཡོད་པ་རེད་འདུག           ད་ལན་སྲིད་སྐྱོང་ས་གནས་སུ་ཕེབས་པ་དང་བསྟུན།          ས་གནས་དེར་Charlottesville བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་མི་དམངས་ཚོར་དབུས་བོད་མིའི་སྒྲིག་འཛུགས་སྤྱི་དང་ལྷག་པར་དུ་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་སོགས་ཀྱི་སྐོར་བཀའ་མོལ་གནང་ཡོད་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎