སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་ལགས་ཀྱིས་ཚའེ་གཏམ་བཤད་ལས་རིམ་ནང་གཏམ་བཤད་གནང་རྒྱུ་ཡིན་འདུག

2023.03.08
སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་ལགས་ཀྱིས་ཚའེ་གཏམ་བཤད་ལས་རིམ་ནང་གཏམ་བཤད་གནང་རྒྱུ་ཡིན་འདུག གཏམ་བཤད་ལས་རིམ་གྱི་སྔོན་བརྡའི་ངོ་བཤུས།
@Harvard University Asia Center

དེ་ཡང་སྲིད་སྐྱོང་ཟུར་པ་འབུམ་རམ་པ་བློ་བཟང་སེང་གེ་ལགས་ཀྱི་སྤྱི་ཚོགས་དྲྭ་ལམ་ངོ་དེབ་ནང་གནས་ཚུལ་བཀོད་པར་ལྟར་ན། ཨ་རིའི་གྲོང་ཁྱེར་བྷོསུ་ཀྲོན་ནང་རྟེན་གཞི་བྱས་པའི་ཧར་ཝདྲ་གཙུག་ལག་སློབ་གཉེར་ཁང་གི་ཨེ་ཤེ་ཡ་བསྟི་གནས་ཁང་གིས་ཕྱི་ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྲགས་ཆེ་བའི་(Tsai Lecture)་ཞེས་པའི་ལས་རིམ་ནང་གཏམ་བཤད་གནང་རྒྱུར་མགྲོན་འབོད་ཞུས་པ་ལྟར་གཏམ་བཤད་གནང་རྒྱུ་ཡིན་པ་དང་། ངོས་རང་སྲིད་སྐྱོང་གི་ལས་ཡུན་རྫོགས་པའི་རྗེས་སུའང་འདི་ལྟབུའི་གོ་སྐབས་ཐོབ་པ་ནི་བོད་མིའི་འཐབ་རྩོད་རྒྱུན་མཐུད་ནས་ཞུ་རྒྱུའི་གོ་སྐབས་དང་གནད་དགག་ཆེན་པོ་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད་ཅེས་གསུངས་འདུག
ཚའེ་གཏམ་བཤད་ཀྱི་ལས་རིམ་དེའི་ནང་། དེ་སྔ་གཏམ་བཤད་གནང་མཁན་ཁོངས་སུ་ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན་(Maria Ressa)་ལགས་དང་། ལྷོ་ཤར་ཨེ་ཤེ་ཡ་རྒྱལ་ཁབ་ཁག་གི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་(Surin pitsuwan)་ལགས། ཡང་གྲགས་ཅན་རྩོམ་པ་པོའི་(Pritzker)་གཟེངས་རྟགས་ཐོབ་མྱོང་མཁན་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་(Shigeru Ban) རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་(Asma Jahangir) དེ་བཞིན་(Kathleen Stephens)་བཅས་གདན་འདྲེན་ཞུ་ཞུས་མྱོང་ཡོད་འདུག
ཚའེ་གཏམ་བཤད་ལས་རིམ་ཞེས་པ་དེ་ནི་ཕེ་ལེག་སེ་ཚའེ་མཆོག་གི་མཚན་ཐོག་ཕྱི་ལོ་༢༠༠༠ ལོ་ནས་འགོ་བཙུགས་པ་ཞིག་ཡིན་པ་དང་། ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། ཚོང་དོན། ཤེས་ཡོན་སློབ་གསོའི་མཁས་དབང་སོགས་མགྲོན་འབོད་ཀྱིས་གཏམ་བཤད་སྤེལ་གནང་རྒྱུའི་གོ་སྐབས་ཕུལ་གྱི་ཡོད་པ་དང་། ད་རེས་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་ལགས་ཀྱི་གཏམ་བཤད་བརྗོད་དོན་བཙན་བྱོལ་བའི་འགྲུལ་བཞུད་ཧར་ཝདྲ་གཙུག་ལག་སློབ་གཉེར་ཁང་ནས་རྡ་རམ་ས་ལ་བར་ཞེས་བྲིས་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎