དབུ་མའི་ལམ་ལམ་འགྲོ་ཡོང་བའི་ཐུགས་རེ་གནང་གི་ཡོད།


2016.02.15
དབུ་མའི་ལམ་ལམ་འགྲོ་ཡོང་བའི་ཐུགས་རེ་གནང་གི་ཡོད། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་སྲིད་འཛིན་ཟུར་པ་George W Bush མཆོག་གི་ལྟེ་གནས་ཁང་དུ་གསུང་བཤད་གནང་བ།
ངོ་དེབ།

༄༅། །ཉིན་ཤས་སྔོན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་སྲིད་འཛིན་ཟུར་པ་George W Bush མཆོག་གི་ལྟེ་གནས་ཁང་ལ་ཆེད་ཕེབས་གནང་སྐབས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་གནད་དོན་སེལ་ཐབས་སུ་འཛིན་པའི་གཉིས་ཕན་དབུ་མའི་ལམ་ལམ་འགྲོ་ཡོང་བའི་ཐུགས་རེ་གནང་གི་ཡོད་སྐོར་གསུངས་འདུག  སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་འདི་ཟླའི་ཚེས་༡༤ཉིན་ཨ་རིའི་ལྷོ་ཕྱོགས་མངའ་སྡེ་Taxes ནང་ཡོད་ཨ་རིའི་སྲིད་འཛིན་ཟུར་པ་George W Bush མཆོག་གི་ལྟེ་གནས་ཁང་ལ་ཆེད་ཕེབས་གནང་སྐབས་བོད་ཀྱི་གནད་དོན་སེལ་ཐབས་སུ་འཛིན་པའི་དབུ་མའི་ལམ་གྱི་བཞེངས་ཕྱོགས་དེ་ལམ་ལྷོང་ཡོང་བའི་ཐུགས་རེ་གནང་གི་ཡོད་པ་དང་གང་ལ་ཞེ་ན་བཞེངས་ཕྱོགས་དེས་བོད་དང་བོད་མི་མང་ལ་མིང་དོན་མཚུངས་པའི་རང་སྐྱོང་ལྗོངས་དོན་དུ་གཉེར་གྱི་ཡོད་སྟབས་རང་སྲིང་རང་གིས་སྐྱོང་རྒྱུ་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་ཡོང་ཐབས་ཆེད་ཡིན་སྐོར་གསུངས་འདུག ད་དུང་སྲིད་སྐྱོང་མཆོག་གིས་བོད་ནི་རྒྱ་ནག་དང་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་བར་གནས་རྒྱལ་ཁབ་གཅིག་ཡིན་པས་མ་ཟད། ཁོར་ཡུག་ཐོག་ནས་གལ་གནད་ཆེན་པོ་ཡིན་པ་དང་། རྒྱ་མིས་བོད་ནི་ནུབ་བརྒྱུད་ཀྱི་གཏེར་མཛོད་ཅེས་འབོད་ཡོད་ཅིང་། དེའི་དོན་ནི་བོད་དེ་རྒྱུག་ཆུ་དང་རིན་ཆེན་གཏེར་མཛོད་ཀྱི་བྱུང་ཁུངས་ཡིན་པར་ཟེར་གྱི་ཡོད་རེད་ཅེས་གསུངས་འདུག ཡང་བློ་བཟང་སེངྒེ་མཆོག་སྲིད་སྐྱོང་འོས་མིར་ཡང་བསྐྱར་བཞེངས་པ་དང་འཆར་ཟླའི་ནང་འོས་ཤོག་འཕེན་གྱི་ཡོད་སྟབས། སྲིད་སྐྱོང་འོས་བསྡུའི་ལས་འགུལ་སྐོར་གནས་འདྲི་ཞུས་པར་ཁོང་ནས་མི་མང་གི་བསམ་ཚུལ་རྗེས་ཤོས་དེ་བྱས་པར་གཞིགས་ན།    འོས་གྲངས་བརྒྱ་ཆ་༧༠་ལྷག་གིས་ཁོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་བཏོན་ཡོད་སྐོར་གསུངས་ཡོད་པའི་གནས་ཚུལ་འདུག།


གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎