རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཐད་ཐེ་བྱུས་བྱེད་དབང་མེད། བདམས་ཐོན་སྲིད་སྐྱོང་གིས།

2021.05.17
རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཐད་ཐེ་བྱུས་བྱེད་དབང་མེད། བདམས་ཐོན་སྲིད་སྐྱོང་གིས། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས།
Lhuboom/RFA

བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་ཐེ་བྱུས་བྱེད་དབང་མེད་ལུགས་གསུངས་འདུག
དེ་ཡང་རྒྱ་གར་གྱི་(WION)་བརྙན་འཕྲིན་གསར་འགྱུར་ཚན་པས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ། སྲིད་སྐྱོང་ཀྱི་འོས་བསྡུའི་འགྲན་རྩོད་ཁྲོད་རྒྱལ་ཁ་ཐོབ་པ་དང་འབྲེལ་བཅར་འདྲི་ཞུས་པའི་སྐབས། རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཐད་ཐེ་བྱུས་བྱེད་རྒྱུའི་འཆར་གཞི་མ་འཐེན་བའི་སྔོན། ཐོག་མར་རྒྱ་ནག་གཞུང་གི་ངོས་ནས་བོད་བརྒྱུད་ནང་བསྟན་གྱི་ལམ་ལུགས་ལ་སློབ་སྦྱོང་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཟེར་ན་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་སྲོལ་དེ་བཞིན་ཆོས་ཕྱོགས་དང་འབྲེལ་བ་ཡོད་པ་ཞིག་རེད། དེ་བས་རྒྱ་ནག་དམར་ཤོག་གཞུང་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་ཐེ་བྱུས་བྱེད་དབང་མེད་ལུགས་གསུངས་འདུག
དེ་དང་ཕྱོགས་མཚུངས་གསར་འགོད་པས་རྒྱ་གར་ནང་། ད་ལྟའི་ཆར་ཀོ་ཝིཌ་༡༩་འམ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ཛ་དྲག་པོ་ཆགས་ཡོད་དུས། དེར་གདོང་ལེན་གནང་ཕྱོགས་སྐོར་བཀའ་འདྲི་ཞུས་པར། སྤེན་པ་ཚེ་རིང་ལགས་ཀྱིས་རྩ་བས་གནད་དོན་འདིའི་ཐད་རྒྱ་གར་དབུས་གཞུང་དང་བོད་མི་གནས་ཡུལ་མངའ་སྡེ་སོ་སོས་ལམ་སྟོན་གཞིར་བཟུང་སྲུང་བརྩི་ཞུ་རྒྱུ་རེད། འོན་ཀྱང་དོ་ཕོག་བྱུང་ཡུལ་བོད་མི་ཚོར་སྨན་བཅོས་དང་འཕྲུལ་ཆས་དགོས་མཁོའི་རིགས་ང་ཚོས་ཞིབ་མཇུག་དང་འབྲེལ་མཁོ་སྤྲོད་བྱེད་རྒྱུ་ཡིན། ངོས་རང་ནས་འོས་བསྡུའི་སྐབས་མི་མང་ལ་ཁས་ལེན་ཞུས་པ་བཞིན། མི་མང་གི་བདེ་རྩར་དམིགས་ནས་ལྷག་བསམ་རྣམ་དག་གིས་ལས་དོན་བསྒྲུབ་ཐུབ་པ་ཞུ་རྒྱུ་དང་། ལྷག་པར་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ནུས་པ་གང་ཡོད་བཏོན་ནས་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་གསུངས་འདུག
ཕྱི་ཟླ་༥་ཚེས་༡༤་ཉིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་(Ned Price) ལགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་གཞུང་འབྲེལ་གྱི་ཐོག་ནས་འཚམས་འདྲི་གནང་བར། སྤེན་པ་ཚེ་རིང་ལགས་ཀྱིས་ཨ་མི་རི་ཀ་གཞུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་ལ་འཚམས་འདྲི་གནང་བར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཞུས་གནང་བ་དང་ཆབས་ཅིག་དེ་ནི་བོད་རྒྱ་ཆེ་མི་མང་གི་སྙིང་སྟོབས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎