ཨ་རིས་རྒྱ་ནག་གི་དཔོན་རིགས་དང་མཉམ་བོད་དོན་གླེང་སློང་གནང་བར་སྲིད་སྐྱོང་མཆོག་གིས་དགའ་བསུ་གནང་འདུག

2021.07.27
ཨ་རིས་རྒྱ་ནག་གི་དཔོན་རིགས་དང་མཉམ་བོད་དོན་གླེང་སློང་གནང་བར་སྲིད་སྐྱོང་མཆོག་གིས་དགའ་བསུ་གནང་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་(Wendy Sherman)་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་(Wang Yi)་གཉིས། ༧།༢༦།༢༡
AP

ཨ་རིའི་ཕྱི་སྲིད་དྲུང་གཞོན་མཆོག་གིས་རྒྱ་ནག་གི་དཔོན་རིགས་དང་མཉམ་བོད་དོན་གླེང་སློང་གནང་བར་སྲིད་སྐྱོང་མཆོག་གིས་དགའ་བསུ་དང་མཉམ་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་མཚམས་འཇོག་དགོས་བའི་འབོད་སྐུལ་གནང་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་(Wendy Sherman)་རྒྱ་ནག་དུ་ཕེབས་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་(Wang Yi)་དང་། ཕྱི་སྲིད་བློན་ཆེན་གཞོན་པ་(Xie Feng)་བཅས་རྒྱ་ནག་གི་དཔོན་རིགས་དང་ཐེན་ཅིན་དུ་གནད་དོན་དུ་མའི་ཐོག་བཀའ་བསྡུར་གནང་སྐབས། རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་ཀྱི་སྲིད་ཇུས་སྤེལ་བཞིན་པར་སེམས་འཚབ་ཡོད་པ་གླེང་སློང་གནང་ཡོད་པར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ཨ་མི་རི་ཀའི་ཕྱི་སྲིད་དྲུང་གཞོན་མཆོག་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་ཐུགས་འཁུར་གནང་བར་ངོས་ལ་ལྷད་མེད་ཀྱི་སེམས་ཤུགས་སྐྱེད་བྱུང་། ལོ་ངོ་༦༠་ལྷག་རིང་རྒྱ་ནག་གཞུང་གིས་བོད་ནང་དུ་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་མུས་ཡིན་པ་དེ་དག་མཚམས་འཇོག་ཡོང་བ་ངོས་ཀྱིས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་འབོད་སྐུལ་དང་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་(twitter)་དྲ་ལམ་དུ་བརྗོད་འདུག
དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། ད་རེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་བ་དེ་ཡག་པོ་ཞེ་དྲགས་རེད། ཡིན་ནའང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་གཞན་ཇེ་སྡུག་ཕྱིན་ཡོད་པར་སོང་དངོས་ཡོད་ལག་བསྟར་ཐུབ་པའི་རྒྱབ་སྐྱོར་དགོས་པའི་སྐུལ་བ་གནང་གི་འདུག
གཞན་ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་(Devin Nunes)་ལགས་ཀྱིས་བཅར་འདྲི་ཞིག་གི་སྐབས། བདུན་ཕྲག་སྔོན་མ་རྒྱ་ནག་གི་སྲིད་དབང་སྒེར་འཛིན་པ་ཞི་ཅིན་ཕིང་རྒྱ་གར་དང་ས་འབྲེལ་འཁེལ་བའི་བོད་ཀྱི་ཀོང་པོ་ཉིང་ཁྲི་ཁུལ་དུ་ལྟ་སྐོར་དུ་བསྐྱོད་ནས་མཐའ་མཚམས་ཀྱི་ལས་འཆར་ལ་ལྟ་སྐོར་བྱས་པ་ནི། ལོ་ངོ་༣༠་ལྷག་གི་རྗེས་སྲིད་དབང་སྒེར་འཛིན་པ་རྒྱ་ནག་གི་འགོ་ཁྲིད་བོད་ནང་བསྐྱོད་པ་ཕལ་ཆེར་ཐོག་མ་རེད། འདིས་མི་འབོར་ཐེར་འབུམ་གཅིག་ལྷག་ཙམ་ཡོད་པ་དང་རྡུལ་ཕྲན་མཚོན་ཆའི་ནུས་ཤུགས་ལྡན་པའི་རྒྱ་གར་རྒྱལ་ཁབ་ལ་ཉེན་བརྡ་ཞིག་དང་། ལྷག་པར་དུ་རྒྱ་གར་ལ་ཆུའི་དཀའ་ངལ་སྤྲོད་སྲིད་པ་སོགས་གསུངས་འདུག

གསར་འགོད་པ། ཨྱོན་བསྟན་འཛིན། ཀླུ་འབུམ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎