ཨ་རིའི་གྲོས་ཚོགས་གོང་མའི་ལས་བྱེད་ཁག་ཅིག་གིས་རྡ་རམ་སཱ་ལར་གཟིགས་སྐོར་གནང་འདུག

2023.04.14
ཨ་རིའི་གྲོས་ཚོགས་གོང་མའི་ལས་བྱེད་ཁག་ཅིག་གིས་རྡ་རམ་སཱ་ལར་གཟིགས་སྐོར་གནང་འདུག ཨ་རིའི་གྲོས་ཚོགས་གོང་མའི་ལས་བྱེད་ཁག་ཅིག་གིས་རྡ་རམ་སཱ་ལར་གཟིགས་སྐོར་གནང་སྐབས།
CTA

དེ་ཡང་ཟླ་བ་འདིའི་ཚེས་༡༢ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Ben Cardin)་མཆོག་གི་ཕྱི་སྲིད་ལས་དོན་སློབ་སྟོན་པ་(Tom Melia)་དང་། ལས་བྱེད་(Ben Cardin) དེ་བཞིན་འཐུས་མི་(Mitt Romney)་ལགས་ཀྱི་རྒྱལ་དོན་སློབ་སྟོན་པ་(Megan Reiss) ཡང་གྲོས་ཚོགས་འཐུས་མི་(Joni Ernst)་ལགས་ཀྱི་ཕྱི་སྲིད་ལས་དོན་ཐོག་སློབ་སྟོན་པ་སྐུ་ཞབས་(Adam KozloskiJoni)་བཅས་དང་ལྷན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཆེད་བཅར་གྱིས་བཞུགས་རྡ་རམ་སཱ་ལར་འཚམས་གཟིགས་གནང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་ཡོད་འདུག
འཚམས་གཟིགས་སྐབས་ཁོང་རྣམས་ནས་སྤྱི་འཐུས་ཚོགས་གཙོ་མཆོག་དང་། ཚོགས་གཞོན་རྣམ་གཉིས་དང་མཇལ་འཕྲད་གནང་སྟེ། བཙན་བྱོལ་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་། སྤྱི་འཐུས་འོས་མི་འདེམས་ཕྱོགས། དེ་བཞིན་ད་བར་བཙན་བྱོལ་ནང་མང་གཙོའི་འཕེལ་རིམ་སོགས་ཀྱི་སྐོར་ངོ་སྤྲོད་ཞུས་ཡོད་འདུག ལྷག་པར་དུ་ཨ་རིའི་གྲོས་ཚོགས་འཐུས་མིའི་འབྲེལ་ཡོད་ལས་བྱེད་རྣམས་ལ་ད་བར་ཨ་མི་རི་ཀའི་གྲོས་ཚོགས་ནས་བོད་ཀྱི་བདེན་མཐའ་སེལ་བའི་ཆེད་རྒྱབ་སྐྱོར་མཚོན་དོན་དུ་གྲོས་ཆོད་རིམ་པ་བཞག་གནང་པར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཆབས་ཅིག ཉེ་ཆར་ཨ་རིའི་གྲོས་ཚོགས་ནང་བཏོན་གནང་མཛད་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཅས་ལ་བསྔགས་བརྗོད་དང་འབྲེལ་མུ་མཐུད་ནས་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་འདུག
ཡང་གོང་ཞུས་འཚམས་གཟིགས་སུ་ཕེབས་པའི་གྲོས་ཚོགས་ཀྱི་ལས་བྱེད་རྣམས་པས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་འགྱུར་བ་ཇི་བྱུང་དང་། ད་ལྟའི་བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་བཀའ་འདྲི་གནང་ཡོད་འདུག
བསྟན་ཆོས་རྒྱ་མཚོ་ལགས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་དུ་གསར་དུ་བསྐོ་གཞག་བྱུང་ནས་རིང་བོ་སོང་མེད་པར་ཐེངས་དང་པོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གྱི་མཚན་ཐོག་ནས་ཨ་རིའི་གྲོས་ཚོགས་ཀྱི་ལས་བྱེད་ཚོ་དང་ལྷན་དུ་རྡ་སར་ཕེབས་པ་ཡིན་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ངོས་ནས་འཚམས་འདྲི་ཞུས་གནང་ཡོད་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎