ཨུ་རུ་སུའི་གྲོས་ཚོགས་འཐུས་མི་དང་བོད་ཀྱི་གྲོགས་པོ་ཚོགས་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་གནང་འདུག

2021.06.01
ཨུ་རུ་སུའི་གྲོས་ཚོགས་འཐུས་མི་དང་བོད་ཀྱི་གྲོགས་པོ་ཚོགས་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས།
tibet.net

ཨུ་རུ་སུའི་གྲོས་ཚོགས་འཐུས་མི་དང་བོད་ཀྱི་གྲོགས་པོ་ཚོགས་པ་སོགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་ལགས་སུ་འཚམས་འདྲི་གནང་འདུག
འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་དཔོན་རིགས་དང་གྲོས་ཚོགས་འཐུས་མི་བཅས་ནས་གསར་དུ་འདེམས་ཐོན་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་འཚམས་འདྲི་ཞུས་གནང་བ་བཞིན། ཨུ་རུ་སུའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འཚམས་འདྲི་ཞུས་གནང་འདུག
དེ་ཡང་ཨུ་རུ་སུའི་གྲོས་ཚོགས་ཀྱི་ཚོགས་གཞོན་མཆོག་གིས་གནང་བའི་འཚམས་འཕྲིན་ནང་། སྐུ་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་འདུག དེ་བཞིན་ཡང་རུ་སུའི་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་(Balgan Aylana)་ཡིས་གནང་བའི་འཚམས་འཕྲིན་ནང་། དམངས་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་འཚམས་འདྲི་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་གསར་པ་དང་ལྷན་དུ་རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུགས་ཀྱི་ལས་དོན་ཐད་མཉམ་ལས་གནང་རྒྱུ་ཡིན་སྐོར་གསུངས་འདུག གཞན་ཡང་ཨུ་རུ་སུའི་གྲོང་ཁྱེར་(St. Petersburg)་ནང་རྟེན་གཞི་བྱས་པའི་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོས་ཀྱང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འཚམས་འདྲི་གནང་འདུག
ཡང་ཀ་ཛ་སི་ཐན་ནང་ཡོད་པའི་བོད་ཀྱི་གྲོགས་པོ་ཚོགས་པའི་འགན་འཛིན་(Mutat Aubackiriv)་ཡིས་ཀ་ཛ་སི་ཐན་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་ཞུས་གནང་བ་མ་ཟད། མུ་མཐུད་བོད་མིའི་སྒྲིག་འཛུགས་དང་། བོད་མིར་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས་འདུག
ད་དུང་ཡང་ཨ་མི་རི་ཀའི་ནང་ཡོད་པའི་སྤྱི་མང་སྟོབས་ཤུགས་ཚོགས་པའི་ཚོགས་གཙོ་ཡང་ཅན་ལིའི་ཡིས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འཚམས་འདྲི་ཞུས་གནང་བ་དང་སྦྲགས། སྐུ་ཉིད་ཀྱི་དབུ་ཁྲིད་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་ཐོག་སྔར་ལས་ལྷག་པའི་ལས་དོན་སྤེལ་གནང་རྒྱུར་ཡིད་ཆེས་བརྟན་པོ་ཡོད་ཅེས་སོགས་གསུང་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎