ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་Pragueཡི་གྲོང་ཁྱེར་ལྷན་ཁང་གིས་གསུམ་བཅུ་དུས་དྲན་དང་འབྲེལ་བོད་ཀྱི་རྒྱལ་དར་བསྒྲེང་འཛུགས་གནང་རྒྱུ།


2019.03.02
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་Pragueཡི་གྲོང་ཁྱེར་ལྷན་ཁང་གིས་བོད་ཀྱི་རྒྱལ་དར་བསྒྲེང་འཛུགས་གནང་རྒྱུ། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་Pragueཡི་གྲོང་ཁྱེར་ལྷན་ཁང་།
བི་ཀི་པི་ཌི་ཡ།

༄༅། །ཕྱི་ཟླ་གསུམ་པའི་ཚེས་༡ ཉིན་གནས་ཚུལ་ཐོན་པར་གཞིགས་ན། དེ་སྔོན་༡༩༩༦ ལོར་Germany ནས་འགོ་བཙུགས་ཏེ་བོད་ཀྱི་ཆེད་དུ་རྒྱལ་དར་བསྒྲེང་བཙུགས་ཞེས་པའི་ལས་འགུལ་ཞིག་སྤེལ་བ་ནས་
བཟུང་རྒྱལ་སྤྱིའི་ནང་ལས་འགུལ་དེ་ཁྱབ་འཕེལ་ཕྱིན་པ་ལྟར་Prague གྲོང་ཁྱེར་ལྷན་ཁང་གིས་ལས་འགུལ་དེའི་ཐོག་ནས་ཕྱི་ཟླ་གསུམ་པའི་ཚེས་༨ རེས་གཟའ་པ་སངས་ནས་ཚེས་༡༡ རེས་གཟའ་ཉི་མ་བར་ཉིན་བཞིའི་རིང་གྲོང་ཁྱེར་ལྷན་ཁང་གི་མདུན་བོད་ཀྱི་རྒྱལ་དར་བསྒྲེང་འཛུགས་གནང་རྒྱུ་ཡིན་པ་རེད།  དེ་བཞིན་ཕྱི་ཟླ་གསུམ་པའི་ཚེས་༡༠ བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ལོ་ངོ་༦༠ འཁོར་བའི་དྲན་གསོའི་ཆེད་དུ་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་གི་ས་གནས་ལས་ཁང་ཁག་༧༠༠ ཙམ་གྱིས་བོད་ཀྱི་རྒྱལ་དར་བསྒྲེང་བཙུགས་གནང་རྒྱུ་ཡིན་པ་རེད་འདུག
དེ་སྔ་༢༠༠༠ ཙམ་ནས་Prague གྲོང་ཁྱེར་ལྷན་ཁང་གིས་བོད་ཀྱི་རྒྱལ་དར་བསྒྲེང་བཙུགས་གནང་རྒྱུ་འགོ་བཙུགས་གནང་ཡོད་ཀྱང་རྗེས་སུ་གྲོང་ཁྱེར་སྤྱི་ཁྱབ་པ་Adrina Krnacova ཡི་ལས་ཡུན་སྐབས་ཏེ་༢༠༡༤ ལོར་མཚམས་འཇོག་བྱས་ཡོད་པ་རེད། བར་ལམ་ཞིག་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་རྒྱ་ནག་དང་ཆབ་སྲིད་ཀྱི་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད་ཅིང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་Milos Zeman གྱིས་ན་ནིང་རྒྱ་ནག་གི་སྲིད་འཛིན་Xi Jinping དགའ་པོ་ཡོང་ཐབས་སུ་Piano རོལ་ཆ་བཏང་བའི་གནས་ཚུལ་བྱུང་ཡོད་ནའང་། ད་ལྟའི་སྐབས་ཀྱི་Prague གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་Zdenek Hrib ཀྱིས་རྒྱ་ནག་ཐོག་ལ་བསམ་ཚུལ་མི་འདྲ་བ་ཡོད་སྟབས། རེས་གཟའ་ཕུར་བུའི་ཉིན་གྲོང་ཁྱེར་སྤྱི་ཁྱབ་པས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ལ། དེ་སྔའི་Prugue གྲོང་ཁྱེར་སྤྱི་ཁྱབ་པའི་སྐབས་རྒྱ་ནག་དང་འབྲེལ་བ་ཡག་པོ་
ཡོང་ཐབས་གཙོ་བཟུང་བྱས་ཏེ་དཔལ་འབྱོར་གྱི་ཁེ་ཕན་སྐྲུན་ཐབས་ཁོ་ནར་དམིགས་ཏེ་དོན་དམ་གྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྩིས་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་རྣམས་དོ་སྣང་མ་བྱས་པའི་གནས་ཚུལ་བྱུང་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག
གཞན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་ཕྱི་ཟླ་གསུམ་པའི་ཚེས་༢ ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་Prague ཡི་གྲོང་ཁྱེར་སྤྱི་ཁྱབ་པས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་Pragueནང་ཚོགས་རྒྱུའི་འཛམ་གླིང་གཅིག་གི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་དངོས་བྱུང་གློག་བརྙན་དུས་སྟོན་འགོ་འབྱེད་མཛད་སྒོར་ཕེབས་པའི་སྐབས་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་མཇལ་འཕྲད་ཀྱི་དུས་ཚོད་ཕྱི་ཟླ་གསུམ་པའི་ཚེས་༦ ཉིན་གནང་རྒྱུ་ཡིན་པའི་སྐོར་གསུངས་ཡོད་པ་རེད།།

གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎