སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་བགྲོ་གླེང་གཏམ་བཤད།


2019.10.15
སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་བགྲོ་གླེང་གཏམ་བཤད་སྐབས། ༢༠༡༩།༡༠།༡༥ སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་བགྲོ་གླེང་གཏམ་བཤད་སྐབས། ༢༠༡༩།༡༠།༡༥
tibet.net

སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་དང་གཏམ་བཤད་སོགས་ཀྱི་མཛད་རིམ་སྤེལ་བཞིན་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག ཟླ་འདིའི་སྤྱི་ཚེས་༡༣་ཉིན།  ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ཆེད་ཕེབས་ཀྱིས། སྤྱི་ཚེས་༡༥་ཉིན། ཡུལ་དེའི་སྲིད་འཛིན་ཞིང་གཤེགས་སྐུ་ཞབས་(Vaclav Havel)་མཆོག་དང་༧གོང་ས་མཆོག་བར་ངོ་ཤེས་གྲོགས་པོ་ཆགས་དོན་སྐོར་གྱི་མཛད་རིམ་ཞིག་གོ་སྒྲིག་གནང་ཡོད་པ་དེའི་སྟེང་དུ་སྲིད་སྐྱོང་མཆོག་དང་གཞན་གཏམ་བཤད་གནང་མཁན་མི་སྣ་བཞི་ཡིས་གཏམ་བཤད་གནང་ཡོད་པ་བོད་རིགས་ཚོགས་པའི་ཚོགས་གཙོ་བསོད་ནམས་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།
ད་དུང་ཁོང་གིས་གསུངས་ན། དེའི་རྗེས་སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་(Jiri Ruzicka)་མཆོག་དང་། ཡུལ་དེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Přemysl Rabas)་མཆོག་ལྷན་ཞུགས་ཐོག་སྲིད་སྐྱོང་མཆོག་གིས་བོད་དོན་སྐོར་གཏམ་བཤད་གནང་རྒྱུ་ཡིན་འདུག་པ་དང་། དེ་ནས་སྲིད་སྐྱོང་མཆོག་གིས། གློག་རྡུལ་འཕྲུལ་ཆས་ཀྱིས་སོ་ལྟ་བྱེད་བཞིན་པའི་དུས་རབས་༢༡་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་སོགས་གནང་རྒྱུ་ཡིན་འདུག
སྤྱི་ཚེས་༡༤་ཉིན་(Forum 2000)་འམ་གླེང་སྟེགས་ཕྱི་ལོ་༢༠༠༠་ཞེས་པའི་ཚོགས་འདུར་མཉམ་ཞུགས་གནང་ཡོད།
སྤྱི་ཚེས་༡༦་ཉིན་སྲིད་སྐྱོང་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་བྷེལ་ཇམ་(Belguim)་ལ་ཕེབས་ཐོན་གནང་རྒྱུ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎