ཏོག་དབྱིབས་ནད་ཡམས་གསར་བ་དང་འབྲེལ་ནས་རྒྱ་ནག་གི་རོགས་དངོས་ལེན་རྒྱུ་མིན་ཟེར།


2020.04.03
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕུ་ར་གྷུ་(Prague)་གྲོང་ཁྱེར་སྤྱི་ཁྱབ་(Zdenek Hrib)་ལགས ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕུ་ར་གྷུ་(Prague)་གྲོང་ཁྱེར་སྤྱི་ཁྱབ་(Zdenek Hrib)་ལགས
པར་ཚགས།

ཏོག་དབྱིབས་ནད་ཡམས་གསར་བ་དང་འབྲེལ་ནས་རྒྱ་ནག་གི་རོགས་དངོས་ལེན་རྒྱུ་མིན་པ་ཡོ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ་གྱི་རྒྱལ་ས་ཕུ་ར་གྷུ་གྲོང་ཁྱེར་གྱི་སྤྱི་ཁྱབ་པས་གསུངས་འདུག
རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས་ད་སྐབས་ཁྱབ་གདལ་ཤུགས་ཆེ་བྱུང་ཡུལ། ཡོ་རོབ་ཀྱི་ཡུལ་ལུང་ཁག་གི་རྒྱལ་ཁབ་མང་པོར་འདས་པའི་གཟའ་འཁོར་ནང་། རྒྱ་ནག་ནས་རོགས་རམ་གྱི་མིང་ཐོག་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་བརྟག་དཔྱད་དང་སྔོན་འགོག་གི་ཅ་དངོས་ཡོ་ཆས་འབྱོར་བཞིན་པ་རེད། ཡིན་ན་ཡང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕུ་ར་གྷུ་(Prague)་གྲོང་ཁྱེར་སྤྱི་ཁྱབ་(Zdenek Hrib)་ལགས་ཀྱིས། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་ཕྱོགས་ཐོག་ནས་མི་ཆོས་དང་འབྲེལ་བའི་རོགས་རམ་ཞིག་མིན་པར། ཚོང་དོན་རང་རེད། དེ་བས་ང་ཚོས་རོགས་རམ་གྱི་མིང་ཐོག་གི་རྒྱ་ནག་གི་ཅ་དངོས་ལེན་རྒྱུ་མིན་ཅེས་(Bloomberg)་གསར་ཁང་གི་དྲི་བར་ལན་འདེབས་གནང་འདུག
དགུང་ལོ་ ༣༨ ་ལ་སོན་པའི་ཕུ་ར་གྷུ་(Prague)་གྲོང་ཁྱེར་སྤྱི་ཁྱབ་པ་(Zdenek Hrib)་ལགས་ཀྱིས། ཉེ་བའི་ཟླ་ཤས་ནང་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་མི་སྣར་མཇལ་འཕྲད་གནང་བ་དང་། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་པ། ཐེ་ཝན་མཉམ་དུ་འབྲེལ་ལམ་གོང་སྤེལ་གཏོང་བ་སོགས་རྒྱ་ནག་དམར་ཕྱོགས་གཞུང་གི་བྱ་སྤྱོད་ལ་མི་འདོད་པའི་རྣམ་འགྱུར་བསྟུད་མར་བསྟན་པ་དང་། ཕྱི་ཟླ་ ༣ ་ཚེས་ ༡༠ ་ཉིན་བོད་མིའི་རང་དབང་སྒེར་ལངས་ཉིན་མོར་བོད་མིའི་དཀའ་སྡུག་ལ་དྲན་གསོ་དང་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་པ་རེད།
དེའི་ཐད་པེ་ཅིང་མི་རིགས་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་དང་རྒྱ་ནག་གཞུང་ལ་སློབ་སྟོན་བྱེད་མཁན་(Shi Yinhong)་གིས། ཕུ་ར་གྷུ་(Prague)་གྲོང་ཁྱེར་གྱི་སྤྱི་ཁྱབ་པས་བོད་དང་ཐེ་ཝན། ཤར་ཏུར་ཀིསུ་ཐན་གྱི་གནད་དོན་ཐད་རྒྱ་ནག་ལ་ཁ་གཏད་བྱེད་ན། རྒྱ་ནག་གཞུང་གིས་དེར་ཁ་གཏད་ཀྱི་བྱ་ཐབས་བརྟན་པོའི་ཐོག་རྒོལ་ལན་སློག་གི་རེད་ཅེས་བརྗོད་འདུག
སྤྱིར་བཏང་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་ཡོ་རོབ་ནང་སྤེལ་ཐབས་བྱ་རྒྱུ་ནི། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་ཕུག་གི་དམིགས་ཡུལ་ཡིན་པ་དང་། ཐོག་དབྱིབས་ནད་ཡམས་གསར་བས་དམིགས་ཡུལ་དེར་གནས་སྐབས་བར་ཆད་བྱུང་ཡོད། ད་ཆ་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་ཡོ་རོབ་ནང་མི་གྲངས་ཁྲི་ཚོ་གཉིས་ཙམ་རྐྱེན་འདས་ཕྱིན་པའི་སྐབས།  རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ནད་ཡམས་ཐོག་མར་མཆེད་ཡུལ་རྒྱ་ནག་ནང་ཏོག་དབྱིབས་ནད་འབུ་གསར་བ་འགོས་པའི་ནད་པའི་གྲངས་འབོར་དང་། འདས་གྲོངས་ཕྱིན་པའི་གྲངས་འབོར་ཕྱི་བསྒྲགས་བྱས་བ་ཏག་ཏག་ཡོད་མེད་དོགས་གཞི་དང་དྲི་བ་མང་དག་ཡོང་བཞིན་པ་མ་ཟད། གསར་ལམ་ཁག་ཅིག་གིས་རྒྱ་ནག་གི་གྲངས་ཀ་དེ་ཚོ་ཏག་ཏག་མེད་སྐོར་གནས་ཚུལ་སྤེལ་ཡོད།
མ་ཟད་ད་སྐབས་རྒྱ་ནག་གཞུང་གིས་ཡོ་རོབ་ནང་ཏོག་དབྱིབས་ནད་ཡམས་སྔོན་འགོག་དང་འབྲེལ་བའི་རོགས་རམ་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གིས་རོགས་རམ་བྱས་བའི་སྨན་རྫས་དང་། ཁ་རས་སོགས་ཅ་དངོས་རིགས་ཚད་ལྡན་མིན་པ་དང་། ནུས་བ་མེད་པ་དཔེར་ན། བརྟག་དཔྱད་ཡོ་ཆས་ ༣་གྱི་ནང་ནས་ ༡་གིས་ལས་ཀ་ཡག་པོ་མི་བྱེད་པ་སོགས་ཀྱི་གནས་ཚུལ་ཡོང་བཞིན་པ་རེད།
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Hua Chunying)་ཡིས་རེས་གཟའ་མིག་དམར་ཉིན་དེ་འབྲེལ་གྱི་གསར་འགོད་པའི་དྲི་བར་བརྗོད་དོན། རྒྱ་ནག་གིས་ཕྱི་ཕྱོགས་ལ་རོགས་རམ་བྱེད་བཞིན་པར་གུས་བཀུར་བྱ་འོས་པ་ལས་འགན་འཁུར་མ་བླངས་བའི་རྙོག་གླེང་བྱེད་གཞི་གཅིག་མིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎