དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་དྲ་རྒྱ་ཤར་གཏོང་གནང་བ།


2016.09.16
དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་དྲ་རྒྱའི་མདུན་ངོས། ༢༠༡༦།༩།༡༦ དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་དྲ་རྒྱའི་མདུན་ངོས། ༢༠༡༦།༩།༡༦
དྲ་བཤུས།

དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སུམ་བཅུ་སོ་བཞི་བ་དང་འབྲེལ་བའི་གཞུང་འབྲེལ་དྲ་རྒྱ་དབུ་འབྱེད་གནང་འདུག
དེ་ཡང་ཕྱི་ཟླ་༩་ཚེས་༡༦་གཟའ་པ་སངས་ཉིན་གཞུང་འབྲེལ་དྲ་རྒྱ་དེ་དབུ་འབྱེད་གནང་ཡོད་པ་དང་། དེ་ནི་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཆར་ལོའི་ཕྱི་ཟླ་དང་པོའི་ནང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤་བ་དེ་བཞིན་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་སྩལ་གནང་མཛད་རྒྱུའི་ཐུགས་གཏན་འཁེལ་བ་ལྟར། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་བཞི་པའི་གོ་སྒྲིག་ཚོགས་ཆུང་གིས་གཞུང་འབྲེལ་དྲ་རྒྱ་www.kalachakra2017.net་དང་www.kalachakra2017.org་ཞེས་པའི་དྲ་རྒྱ་དབུ་འབྱེད་གནང་འདུག
དྲ་རྒྱ་འདིར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་བ་ལྟར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བཞེས་ཟབ་མོ་ཕེབས་པ་དང་། ༧མགོན་པོ་གང་ཉིད་ནས་ཕྱི་ལོ་༢༠༡༧་ཕྱི་ཟླ་༡་ཚེས་༡་ནས་༡༤་བར་རྒྱ་གར་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་བཀའ་འདྲིན་ཆེ་རྒྱུའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་འབྲེལ་བའི་ ཚོགས་ཆུང་ནས་གྲ་སྒྲིག་ཞུ་ཕྱོགས་དང་། མི་མང་ཀྱི་དབུ་གུར་དང་སྨན་བཅོས། གཙང་ཕྲ་འཕྲོད་བསྟེན་སྐོར་གྱི་གནས་ཚུལ་ཡོད་པ་མ་ཟད། ཕྱི་རྒྱལ་བ་དང་དགེ་འདུན་པ། ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པའི་མི་མང་རྣམས་ཀྱིས་དྲ་རྒྱ་དེ་བརྒྱུད་ནས་ཐོ་འགོད་དེབ་སྐྱེལ་ཡང་གནང་ཆོག་ཀྱི་ཡོད་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎