དུས་དབང་གི་སའི་ཆོ་ག་དང་གར་འཆམ་མཛད་འདུག
2014.07.04

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།
༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཁུལ་དུ་དེ་རིང་ཆོས་འབྲེལ་གྱི་ཉིན་གཉིས་པའི་ཐོག་སྔ་དྲོ་དུས་འཁོར་དབང་ཆེན་གྱི་སྒྲུབ་ཞག་མཛད་འདུག་པ་དང་། ཉིན་རྒྱབ་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་རྣམས་ནས་དུས་དབང་གི་སྔོན་འགྲོའི་ས་ཆོག་དང་གར་འཆམ་མཛད་འདུག ཞིབ་ཕྲ་ང་ཚོའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།།
གསར་འགོད་པ་བསྟན་འཛིན་དབང་རྒྱལ།