ལ་དྭགས་ལ་༧གོང་ས་མཆོག་དབུ་བཞུཊ་ཀྱིས་འཁྲུངས་སྐར།


2014.07.06
དགུང་གྲངས་༧༩ལ་ཕེབས་པའི་༸སྐུའི་འཁྲུངས་སྐར།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

༄༅།    །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ལ་དྭགས་སུ་སྲུང་བརྩི་ཞུས་པའི་ ༸སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཉིན་བཀའ་སློབ་ཕེབས་སྐབས།    བོད་ནང་གི་རྒྱ་ཆེ་མི་མང་ཚོར་དངོས་གསལ་དོད་པོའི་འཁྲུངས་སྐར་སྲུང་བརྩི་ཞུ་ཆོག་གི་མེད་ཀྱང་།    སེམས་ནང་ཚང་མས་དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་སྨོན་ལམ་རྒྱག་གི་ཡོད་པར་ཐུགས་རྗེ་ལེགས་འབུལ་གནང་འདུག    དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ལ་དྭགས་སུ་ཡོད་པའི་ང་ཚོའི་ཆེད་གཉེར་གསར་འགོད་པ་བློ་བྷེ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།


གསར་འགོད་པ་བློ་བྷེ།



དམིགས་བསལ་ཆེད་སྒྲིག་གི་ལེ་ཚན་ནང༌། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་མཛད་བཞིན་ཡོད་པའི་སྐབས་དང་བསྟུན།    འདི་ཚེས་ ༦ ཉིན་ས་གནས་སུ་༸མགོན་པོ་གང་ཉིད་དབུ་བཞུགས་ཐོག་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པའི་སྐོར་ངག་དབང་ཆོས་འཕེལ་ལགས་ཀྱིས་ཆེད་གཉེར་གསར་འགོད་པ་ཚེ་བརྟན་རྣམ་རྒྱལ་ལགས་ལ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང༌།


གསར་འགོད་པ་ངག་དབང་ཆོས་འཕེལ།




བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་ན།    དགུང་གྲངས་༧༩ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ལ་དྭགས་སླེ་ཞི་བའི་ཚལ་དུ་སྲུང་བརྩི་ཟབ་རྒྱས་ཞུས་ཤིང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༣་གནང་རྒྱུའི་སྔོན་འགྲོའི་གསུང་ཆོས་དང་སྐབས་འཁེལ་བས་༸གོང་ས་མཆོག་སྐུ་དངོས་སུ་འཁྲུངས་སྐར་མཛད་སྒོའི་དབུ་མགོན་དུ་བཞུགས་གནང་མཛད།        མཛད་སྒོའི་ནང་དགའ་ལྡན་ཁྲི་རིོན་པོ་ཆེ་མཆོག་གིས་དབུས་པའི་བླ་སྤྲུལ་དང་།  མངའ་སྡེའི་བློན་ཆེན་ངག་དབང་རིན་ཆེན་ཛོ་ར་མཆོག་གིས་དབུས་པའི་ལ་དྭགས་ཀྱི་ས་གནས་ཀྱི་འགོ་ཁྲིད་རྣམ་གྱིས་༸གོང་ས་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་ངང་འཚམས་འདྲི་ཞུས་པ་དང་ཆབས་ཅིག་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པའིོ་གསོལ་འདེབས་ཞུས།    ལྷག་པར་དུ་༸གོང་ས་མཆོག་གིས་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ལ་དྭགས་པ་ན་གཞོན་ཚོར་གདན་ས་ཁག་གིས་གཙོས་བོད་པའི་དགོན་སྡེ་ཁག་ནང་བསླབ་པ་སློབ་གཉེར་གནང་རྒྱུའི་གོ་སྐབས་བཟང་པོ་འཐོབ་བཞིན་པར་བཀའ་དྲིན་བསམ་ཤེས་ཞུས་པས་མ་ཟད།     སླད་མར་ཡང་ལ་དྭགས་ས་གནས་སུ་ཡང་ཡང་ཆིབས་བསྒྱུར་ཡོང་བའི་གསོལ་འདེབས་ཞུས་འདུག ༸གོང་ས་མཆོག་གིས་ཡུན་རིང་གི་སློབ་མ་སྐུ་ཞབས་རི་ཆཌ་གྷེཧཌ་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཆོས་ཞུར་ཕེབས་པ་རྣམས་ཀྱིས་ཚབ་ཞུས་ཏེ་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།        མཐའ་མཇུག་ཏུ་༸གོང་ས་མཆོག་གིས་གཞིས་ལུས་བོད་མི་དང་རྒྱ་ནག་སྐམ་ས་ཆེན་མོ་ནས་དད་ལྡན་མང་དག་གིས་སེམས་ནང་དྲན་པར་ཐུགས་རྗེ་ཆེ་ཞུས་གནང་མཛད་པ་དང་ཆབས་ཅིག    ༸གོང་ས་མཆོག་གིས་གཙིགས་ཆེར་འཛིན པའི་རྩ་དོན་གསུམ་འགྲེལ་བརྗོད་གནང་ཏེ་མཇུག་བསྡོམས་གནང་། ༸གོང་ས་མཆོག་གིས་འཁྲུངས་སྐར་མཛད་རིམ་གྲུབ་མཚམས་ཡུད་ཙམ་བར་སེང་རྗེས་སྔོན་འགྲོའི་གསུང་ཆོས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་འགྲེལ་པ་མདོར་བསྡུས་གནང་། དུས་མཚུངས་༸གོང་ས་མཆོག་གིས་ཚན་རིག་དང་ནང་པའི་ལྟ་གྲུབ་ཀུན་བཏུས་ཀྱི་ཕྱག་དེབ་སྟོད་སྨད་གཉིས་ལེགས་པར་གྲུབ་པར་དབུ་འབྱེད་དང་།    རྩོམ་སྒྲིག་ཚོགས་ལ་ལེགས་གསོའི་བསྔགས་བརྗོད་གནང་བ་སོགས་གནང་སྟེ་མཛད་སྒོ་ལེགས་པར་གྲུབ། ཕྱི་རྒྱལ་ཆོས་ཞུ་བ་གྲངས་བཞི་སྟོང་ཙམ་དང་ཁྱོན་བསྡོམས་ཆོས་ཞུ་བ་ཉིས་འབུམ་སྐོར་འཛོམས་ཡོད་པ་གྲ་སྒྲིག་ཚོགས་ཆུང་ནས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎