རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན་རྡ་རམ་སཱ་ལར་ཚུགས་པ།


2015.12.11
རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན་རྡ་རམ་སཱ་ལར་ཚུགས་སྐབས། ༢༠༡༥།༡༢།༡༠ རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན་རྡ་རམ་སཱ་ལར་ཚུགས་སྐབས། ༢༠༡༥།༡༢།༡༠
བསྟན་འཛིན་དོན་ཡོད།

དེ་ཡང་ཕྱི་ཚེས་༡༠ཉིན་བཞུགས་སྒར་རྡ་ར་མ་ས་ལའི་མེཀ་ལོར་གྷན་ཇིར་རུ་ཡོད་པའི་བྷག་སུ་གསོལ་མགྲོན་ཁང་གི་ཐང་ཆེན་དུ། རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པ་སོགས་ཀྱིས་གོ་བསྒྲིགས་འོག་ཉིན་གཉིས་རིང་རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན་ཐེངས་༢༠བ་དབུ་ཚུགས་གནང་ཡོད་པ་དང་། དེའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་གྲོང་སྡེ་ལྷན་ཁང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་གྱི་སྐུ་ཚབ་ ADM, Balbir Thakurམཆོག དེ་བཞིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་གཅིག གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་། དེ་བཞིན་རྡ་ས་ཁུལ་གྱི་རྒྱ་གར་བ་དང་བོད་མི་བཅས་ཁྱོན་མི་༢༠༠བརྒལ་བ་འདུ་འཛོམས་གནང་ཡོད་འདུག    
རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པས་ཕྱི་ལོ་༡༩༩༥ལོ་ནས། ལོ་ལྟར་རྒྱལ་སྤྱིའི་ཧི་མཱ་ལ་ཡི་དུས་སྟོན་ཞེས་པ་དེ་གོ་བསྒྲིགས་ཞུ་བཞིན་ཡོད་ཀྱང་། འདས་པའི་ལོ་གཉིས་ཙམ་རིང་དུས་སྟོན་དེ་ལྟར་གོ་བསྒྲིགས་ཞུ་ཐུབ་མེད་པ་རེད།
ཐེངས་འདིའི་དུས་སྟོན་གྱི་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་གསུང་བཤད་གནང་བའི་ནང་། ཧིན་བོད་གཉིས་ཀྱི་རིག་གཞུང་དང་། ཆས་གོས། གཞས་སྣ་བཅས་འདྲ་པོ་ཡོད་པའི་ཁར། ལོ་རྒྱུས་དང་། རྒྱལ་ཁབ་གཉིས་དབར་ལ་ཡང་འབྲེལ་བ་ཤུགས་ཆེ་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་སར་དྲག་པོའི་བཙན་བཟུང་བྱས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། ཁོང་གི་ཕེབས་རྗེས་སུ་བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་སླེབས་རྗེས། རྒྱ་གར་གཞུང་མང་གཉིས་ནས་ང་ཚོར་མཐུན་འགྱུར་རོགས་རམ་ཤུགས་ཆེ་གནང་ཡོད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག    
དེ་རྗེས་ཧི་མཱ་ཅལ་མངའ་སྡེའི་གྲོང་སྡེ་ལྷན་ཁང་དང་། ཡུལ་སྐོར་སྤྲོ་འཆམ་བློན་ཆེན་གྱི་སྐུ་ཚབ་ ADM, Balbir Thakurམཆོག་གིས། ད་བར་མངའ་སྡེ་གཞུང་གིས་རྡ་ས་ཁུལ་གྱི་རྒྱ་ལམ་སོགས་ཡར་རྒྱས་གང་ཐུབ་བཏང་ཡོད་སྐོར་སོགས་དང་། ཧིན་བོད་གཉིས་ཆོས་དང་རིག་གཞུང་། ལོ་རྒྱུས་ཐོག་ནས་འབྲེལ་ལམ་གཏིང་ཟབ་ཡོད་པ་ལྟར། མ་འོངས་པར་བོད་མི་རྣམས་བློ་བདེ་བོའི་ངང་འདིར་བཞུགས་པར་དགའ་བསུ་ཡོད་སོགས་ཀྱི་གསུང་བཤད་གནང་ཡོད་འདུག   
ཐེངས་འདིའི་དུས་སྟོན་སྐབས་བོད་ཀྱི་ཟློས་གར་ཚོགས་པ་གཙོས་ཧི་མཱ་ཅལ་མངའ་སྡེའི་ལའོ་སི་པི་ཏི་དང་། བལ་པོ། ས་གནས་ཡུལ་མི་སོགས་ནས་རིག་གཞུང་འཁྲབ་སྟོན་གནང་ཡོད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎