བཞུགས་སྒར་དུ་བོད་མིའི་སྡོད་ཁང་ཁག་མུ་མཐུད་དུ་གནས་ཆོག་པ།
2015.08.19
རྒྱ་གར་གྱི་ཁོར་ཡུག་ཁྲིམས་ཁང་ནས་བཞུགས་སྒར་གྱི་བོད་མིའི་སྡོད་ཁང་དེ་དག་མུ་མཐུད་གནས་ཆོག་པའི་ཐག་གཅོད་བྱས་ཡོད་པ་རེད།
དེ་སྔ་༢༠༡༣ལོར་རྒྱ་གར་གྱི་རྒྱལ་ཡོངས་ཁོར་ཡུག་ཁྲིམས་ཁང་གིས་བཞུགས་སྒར་རྡ་རམ་ས་ལའི་McCleod Gunjཁྲོམ་གཞུང་ཐོག་ཆགས་པའི་བོད་མིའི་སྡོད་ཁང་༢༡༠ཞིག་ཁྲིམས་འགལ་ཡིན་ལུགས་ཀྱི་ཐག་གཅོད་བྱས་པ་བརྒྱུད་Himachalམངའ་སྡེའི་ནགས་ཚལ་ལས་ཁུངས་ནས། བོད་མིའི་སྡོད་ཁང་དེ་དག་གཙང་སེལ་བཟོ་དགོས་ལུགས་བཀོད་ཁྱབ་བཏང་སྟེ་གནས་སྟངས་ཛ་དྲག་ཆགས་ཡོད་པ་རེད། དེའི་ཐད་འདི་གའི་བཞུགས་སྒར་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། བོད་མིའི་སྡོད་ཁང་གཙང་སེལ་དགོས་པའི་གནས་ཚུལ་བྱུང་བ་ནས་བཟུང་གཙོ་བོ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་འགན་བཞེས་འོག་ Himachalམངའ་སྡེ་གཞུང་དང་། འབྲེལ་ཡོད་རྒྱ་གར་དབུས་གཞུང་གི་ལས་ཁུངས་ཁག་ལ་ཞུ་གཏུགས་ལན་མང་བྱས་མཐར། ཉེ་སྔོན་ཕྱི་ཟླ་༧པའི་ཚེས་༡༦ཉིན་རྒྱ་གར་རྒྱལ་ཡོངས་ཁོར་ཡུག་ལས་ཁུངས་ནས་བཞུགས་སྒར་ཁུལ་གྱི་བོད་མིའི་སྡོད་ཁང་དེ་དག་མུ་མཐུད་གནས་ཆོག་པའི་ཐག་གཅོད་གསལ་བསྒྲགས་བྱུང་འདུག
བོད་མིར་རྒྱལ་ཁ་ཐོབ་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། སྔ་ལོ་རྒྱ་གར་དབུས་གཞུང་ནས་༢༠༡༤ལོའི་སྐྱབས་བྱོལ་བར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིས་ཇུས་ཞེས་པ་གཏན་འབེབས་བྱུང་ཡོད་པ་དེ་དག་ལས་ཡིན་པ་ནང་སྲིད་ལས་ཁུངས་ནས་གསལ་འདོན་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
འབྲེལ་ཡོད་གནས་ཚུལ་གཤམ་ལ་དབྱངས་སྒྲོལ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་དབྱངས་སྒྲོལ།