ཡུ་གུར་མི་རིགས་རྣམས་འཇིགས་སྣང་འོག་གནས་བཞིན་ཡོད་པ།

རྒྱ་ཧན་མི་རིགས་ཀྱིས་གཏོར་རྒོལ་བཏང་ཡོང་མཉམ་པའི་འཇིགས་སྣང་འོག་གབ་ཡིབ་བྱས་ནས་སྡོད་མུས་ཡིན་སྐོར་དེ་རིང་ཡུལ་མི་ཚོས་བརྗོད་འདུག

2009.07.11

༄༅༎གང་ཅིའི་གནས་སྟངས་ཞི་འཇམ་མེད་པའི་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་ནང་ཁ་ཆེ་ཡུ་གུར་མི་རིགས་འགའ་ཤས་ད་དུང་ཡང་རྒྱ་ཧན་མི་རིགས་ཀྱིས་གཏོར་རྒོལ་བཏང་ཡོང་མཉམ་པའི་འཇིགས་སྣང་འོག་གབ་ཡིབ་བྱས་ནས་སྡོད་མུས་ཡིན་སྐོར་དེ་རིང་ས་གནས་ཡུལ་མི་ཚོས་བརྗོད་འདུག

ཡུ་གུར་མི་རིགས་ཡིན་པའི་མིག་གི་སྨན་པ་ཧ་ལི་ཤ་བདུན་སྔོན་མ་ཟིང་འཁྲུག་བྱུང་བ་ནས་བཟུང་རང་ཁྱིམ་དུ་མ་ལོག་པར་རང་ཉིད་ལས་ཀ་བྱེད་སའི་སྨན་ཁང་ནང་བསྡད་ནས་ཚན་དྲུག་འགྲོ་གི་ཡོད་པ་དང་ཁོ་རང་གནས་སྡོད་བྱེད་སའི་གྲོང་ཁྱེར་དེའི་ནང་རྒྱ་ཧན་མི་རིགས་ཧ་ཅང་མང་པོ་ཡོད་སྟབས་ཡུ་གུར་མི་རིགས་ལ་ཉེས་རྡུང་ཚབས་ཆེ་བཏང་ཡོད་སྐོར་ཕེ་རན་སི་གསར་ལས་ཁང་ལ་བརྗོད་འདུག

དེ་བཞིན་མིང་འདོན་བྱ་འདོད་མེད་པའི་ཡུ་གུར་མི་རིགས་ཚོང་པ་ཞིག་གིས་ཁོ་རང་གི་ལས་མི་འགའ་ཤས་ཁྱིམ་ལ་མ་ལོག་པར་ལས་ཀ་བྱེད་སར་མུ་མཐུད་སྡོད་མུས་ཡིན་པ་དང་ཁོང་ཚོ་རང་ཁྱིམ་ལ་ལོག་པ་ཡིན་ན་རྒྱ་མིའི་དཔུང་དམག་གིས་འཛིན་བཟུང་བྱས་ཡོང་མཉམ་པའི་འཇིགས་སྣང་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་བཞག

རྒྱ་ནག་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཤར་ཏུར་ཀི་སི་ཐན་ཐོག་དྲག་གནོན་ཤུགས་ཆེ་བྱས་ཡོད་པར་མང་ཚོགས་ཀྱིས་འདོད་བློ་མ་ཁེངས་བར་བདུན་སྔོན་མའི་རེས་གཟའ་ཉི་མའི་ཉིན་ཡུ་གུར་ཁ་ཆེའི་མི་རིགས་སྟོང་ཕྲག་མང་པོས་གྲོང་ཁྱེར་ཨུ་རུམ་ཆི་ནང་རྒྱ་གཞུང་ལ་ངོ་རྒོལ་རྔམ་སྟོན་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་པ་དང་ངོ་རྒོལ་དེ་བཞིན་རིམ་པས་ཁུལ་དེའི་ནང་གནས་སྡོད་བྱེད་མཁན་རྒྱ་ཧན་མི་རིགས་དང་ས་གནས་ཡུ་གུར་མི་རིགས་དབར་གྱི་འཐབ་འཁྲུག་ཅིག་གྱུར་ཏེ་རྒྱ་གཞུང་གི་བཏོན་པའི་གྲངས་ཐོའི་ནང་མི་གྲངས་༡༨༤རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་གྲངས་༡༤༣༤འཛིན་བཟུང་བྱས་ཡོད་སྐོར་བརྗོད་ཡོད་པ་རེད། གང་ལྟར་གྲོང་ཁྱེར་ཨུ་རུམ་ཆི་ནང་གནས་སྟངས་ད་ལྟའང་སྲ་བརྟན་མེད་པ་དང་ཡུ་གུར་མི་རིགས་ཚོ་ཕྱོགས་ཅིག་ནས་རྒྱ་མིའི་དཔུང་དམག་གིས་འཛིན་བཟུང་བྱས་ཡོང་མཉམ་པའི་འཇིགས་སྣང་དང་ཕྱོགས་གཞན་ཞིག་ནས་རྒྱ་ཧན་མི་རིགས་ཀྱིས་ཉེས་རྡུང་གཏོང་རྒྱུའི་དངངས་འཚབ་སྐྱེས་ནས་ཉིན་ཚན་མ་འཁྱོལ་བའི་དཀའ་ངལ་གྱི་གནས་སུ་འགྱུར་བཞིན་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎