༧གོང་ས་མཆོག་ཉི་ཧོང་དུ་ཞབས་སོར་བདེ་བར་འཁོད་འདུག


2016.11.08
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་ཞབས་སོར་འཁོད་སྐབས། ༢༠༡༦།༡༡།༨ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་ཞབས་སོར་འཁོད་སྐབས། ༢༠༡༦།༡༡།༨
Jigme Choephel

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་ཞབས་སོར་བདེ་བར་འཁོད་འདུག
དེ་ཡང་ཕྱི་ཟླ་༡༡་ཚེས་༨་ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་རྒྱལ་ས་ཊོཀ་ཡོའི་གནམ་ཐང་དུ་ཞབས་སོར་འཁོད་སྐབས་རྒྱ་གར་གཞུང་ཚབ་ཀྱི་སྐུ་ཚབ་དང་། Seifu་མཐོ་འབྲིང་སློབ་གྲྭའི་སློབ་སྤྱི་སྐུ་ཞབས་Hiraoke Kouichi གདན་ཞུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་བཅས་ནས་ཕེབས་བསུ་ཞུས་གནས་འདུག
སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གསར་འགོད་པ་ཚོར། ངོས་རང་གཞོན་སྐྱེས་ཚོ་དང་ཐུག་ནས་སྐད་ཆ་ཤོད་རྒྱུ་དགའ་པོ་ཡོད་པ་དང་། རྒྱུ་མཚན་ནི་ཁོང་ཚོར་དུས་རབས་ཉི་ཤུ་རྩ་གཅིག་པའི་འཛམ་གླིང་འདི་ཞི་བདེ་བརྟན་ལྷིང་ལྡན་པའི་སྤྱི་ཚོགས་ཞིག་བཟོ་རྒྱུའི་འགན་དབང་ཡོད་པ་རེད་ཅེས་བཀའ་སྩལ་བ་མ་ཟད། དོན་དམ་གྱི་བདེ་སྐྱིད་དེ་སེམས་ནང་ཞི་བདེ་བསྐྲུན་ནས་ཡོང་དགོས་པ་ལས་ཕྱི་དངོས་པོའི་མཐུན་རྐྱེན་རྐྱང་པས་བདེ་སྐྱིད་ངོ་མ་བསྐྲུན་ཐབས་མེད་པར་བརྟེན་ནང་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ་སོགས་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུ་ཧ་ཅང་དགོས་གལ་ཆེན་པོ་རེད་ཅེས་བཀའ་སྩལ་འདུག
ཐེངས་འདིའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་གྱི་ཁོངས་སུ་ཉི་ཧོང་གི་གྲོང་ཁྱེར་འདྲ་མིན་གྱི་ནང་མང་ཚོགས་ལ་བཀའ་སློབ་དང་། ཚན་རིག་པ་དང་མཁས་ཅན་མི་སྣ་དང་ལྷན་བགྲོ་གླེང་། ཆོས་འབྲེལ་གསུང་ཆོས་དང་བཀའ་དབང་སོགས་བསྩལ་གནང་མཛད་རྒྱུའི་མཛད་འཆར་ཡོད་པ་རེད། ཐོག་མར་ཉི་ཧོང་གི་རྒྱལ་ས་ཊོཀ་ཡོའི་ནང་ཡོད་པའི་ཧོ་གྰན་ཇི་ནང་པའི་དགོན་པ་ནས་ཇི་ལྟར་གསོལ་འདེབས་ཞུས་ལྟར། ཕྱི་ཚེས་༩་ཉིན་ནང་ཆོས་ཀྱི་སྙིང་པོ་ཞེས་པའི་བརྗོད་གཞིའི་ཐད་མཁས་པའི་བགྲོ་གླེང་གི་ཚོགས་མགོན་དུ་དབུ་ཞུགས་མཛད་རྒྱུ་ཡིན་འདུག ཉི་ཧོང་གི་ནང་ཆོས་འབྲེལ་སྐྱོང་གནང་མཛད་རྒྱུའི་ཁོངས་སུ་སྤྱོད་མཇུག་གི་གསུང་ཆོས་དང་། སྒྲོལ་དཀར་དང་མི་གཡོ་བ་སོགས་ཀྱི་བཀའ་དབང་བཅས་ཡོད་འདུག།  

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས་དང་། གུ་རུ་ཆོས་སྐྱིད། ཀེ་ཐོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎