རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་དོན་བྱེད་ཐབས་བསྐྱར་བཅོས་བྱས་འདུག

2022.11.16
རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་དོན་བྱེད་ཐབས་བསྐྱར་བཅོས་བྱས་འདུག ལྷ་སའི་སྒྲོམ་ཚང་ངམ་གཅིག་སྡུད་ལོགས་བཀརཟུར་བཀག་ཁང་ཞིག་གི་ནང་། ༡༠།༢༠༢༢
སྤྱི་ཚོགས་དྲ་ལམ།

རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་བསྐྱར་བཅོས་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་ལས་དོན་ཇེ་ལེགས་སུ་བཏང་ཚུལ་དོན་ཚན་༢༠བསྒྲགས་འདུག
རྒྱ་ནག་ཝུའུ་ཧན་ནས་ཐོག་མར་ཏོག་དབྱིབས་རིམས་ནད་མཆེད་པ་ནས་བཟུང་། རྒྱ་ནག་གཞུང་གིས་རྒྱལ་ནང་དུ་ཏོག་དབྱིབས་ནད་ཡམས་རྩ་མེད་གཏོང་བ་ཟེར་བའི་སྲིད་ཇུས་འདས་བའི་ལོ་གསུམ་མ་ཟིན་ཙམ་རིང་ལག་བསྟར་བྱས་ནས། གྲོང་དང་གྲོང་ཁྱེར་མང་པོ་ཡོངས་སུ་དུས་ཡུན་འདྲ་མིན་རིང་བཀག་སྡོམ་དང་། ཁྱིམ་སྡོད་བཀག་རྒྱ་བསྡམས་པ། མཁའ་ལམ་བཀག་ནས་ཕྱི་མི་ནང་ལ་ཡོང་རྒྱུ་བཀག་པ། གང་སར་དམ་དྲག་བྱས་བ་སོགས་ཀྱི་འོག་གཞུང་དམངས་ཀྱི་དཔལ་འབྱོར་དང་མི་མང་གི་ཉིན་རེའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་དང་འཕྲད་བཞིན་པ་རེད། འདི་ཚེས་༡༡ཉིན་རྒྱ་ནག་གཞུང་གི་ཏོག་དབྱིབས་ནད་ཡམས་རྩ་མེད་གཏོང་བ་ཟེར་བའི་སྲིད་ཇུས་ལ་འགྱུར་བ་བཏང་མིན་ཁ་གསལ་བྱས་མེད་ཀྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བའི་ཏོག་དབྱིབས་ནད་ཡམས་ལ་ཁ་གཏད་གཅོག་པའི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས། ཏོག་དབྱིབས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྔར་བས་ཇེ་ལེགས་སུ་བཏང་ནས། ཚན་རིག་དང་མཐུན་པའི་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བསྐྱར་བཅོས་བྱེད་ཐབས་དོན་ཚན་ཉི་ཤུ་ཡོངས་བསྒྲགས་བྱས་ཡོད་པའི་ནང་། གཅིག་སྡུད་ལོགས་བཀར་དེ་ཁྱིམ་སྡོད་ལོགས་བཀར་དུ་བསྒྱུར་བ་དང་། ལོགས་བཀར་ཉིན་གྲངས་ཇེ་ཉུང་དུ་བཏང་བ། ནད་པ་དང་ཐད་འབྲེལ་ལས་བརྒྱུད་འབྲེལ་ཟུར་བཀག་མི་བྱེད་པ། ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་ནས་ཡོང་བའི་མི་རྣམས་གཅིག་བསྡུས་ལོགས་བཀར་བྱ་རྒྱུ་མིན་པར། ཁྱིམ་དུ་ལོགས་བཀར་བྱ་རྒྱུ། ཉེན་ཁ་ཆེ་འབྲིང་ལས་འབྲིང་ཁུལ་གྱི་བཀག་སྡོམ་དོར་རྒྱུ། སྔོན་ལྟར་ས་ཁུལ་སྤྱི་ཡོངས་བྱས་ནས་མི་ཚང་མར་ནས་ཡམས་བརྟག་བཤེར་བྱེད་མཚམས་འཇོག་རྒྱུ། ཕྱིའི་རྒྱལ་ཁབ་ཀྱི་མཁའ་འགྲུལ་སྒོ་ཕྱེ་རྒྱུ། ཕྱི་ནས་ཡོང་མཁན་ཚོ་ལོགས་བཀར་བྱ་མི་དགོས་པ། རྒྱུག་པ་ལེབ་རྡུང་དང་། འཁྲི་འགན་རིམ་སྣོན་གྱི་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སློབ་གྲྭ་གང་བྱུང་དུ་བཀག་སྡོམ་བྱེད་པ་དང་། བཀག་སྡོམ་བྱེད་པའི་དུས་ཚོད་ཆེས་རིང་བ་སོགས་ཀྱི་གནད་དོན་མངོན་གསལ་ཅན་རེ་རེ་བཞིན་ཞིབ་བཤེར་བྱ་དགོས་པར་མ་ཟད། བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏོང་རྒྱུ། ས་ཆ་གང་སར་བཀག་སྡོམ་འོག་ལུས་ཡོད་པའི་མི་ཚོ་སོ་སོའི་རང་གནས་སུ་ལོག་ཐུབ་པ་བཟོ་དགོས་བ་དང་། རང་མི་ཕྱིར་ལོག་པར་དང་ལེན་བྱེད་དགོས་བ་སོགས་དོན་ཚན་༢༠བསྒྲགས་འདུག


གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎