༸གོང་ས་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་ཕུལ་ནས་ལོ་ངོ་ ༡༣ འཁོར་བའི་དུས་དྲན་སྲུང་བརྩི།


2020.10.17
༸གོང་ས་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་ཕུལ་ནས་ལོ་ངོ་ ༡༣ འཁོར་བའི་དུས་དྲན་སྲུང་བརྩི། ཕྱི་ལོ་༢༠༠༧ལོར་༸གོང་ས་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་སྐབས།
ཨེ་ཨེཕ་པི།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་ཕུལ་ནས་དེ་རིང་ལོ་ངོ་༡༣ འཁོར་གྱི་ཡོད་པ་ལྟར་བོད་མི་གནས་འཁོད་ས་གནས་ཁག་གི་ནང་དུས་དྲན་སྲུང་བརྩི་ཞུ་གི་ཡོད་པ་བཞིན་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་སྨན་རྩིས་ཁང་གིས་དམིགས་བསལ་སྲུང་བརྩི་ཞུས་གནང་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ཏེ་ལོ་ངོ་༡༣ དང། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ནས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ཏེ་ལོ་ངོ་༡༠༤ འཁོར་བ། བྱེས་སུ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་མཛད་དེ་ལོ་ངོ་༥༩ འཁོར་བ་བཅས་དུས་དྲན་གསུམ་འཛོམས་ཀྱི་ཉིན་མོ་སྲུང་བརྩི་ཞུས་གནང་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་འགྲུབ་ལགས་ཀྱིས་བོད་ཀྱི་སྨན་རྩིས་ཁང་ནས་༸གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་བོད་ཀྱི་གསོ་བ་རིག་པའི་རིག་གནས་རྩ་ཆེ་དེ་སྲུང་སྐྱོབ་ཞུ་ཐུབ་པ་ཙམ་དུ་མ་ཟད་མཛམ་གླིང་ས་ཕྱོགས་གང་སར་རྒྱ་སྐྱེས་གནང་ཐུབ་པ་བྱུང་ཡོད་ཅིང་། ད་རེས་འཛམ་གླིང་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཛ་དྲག་གི་དུས་འདིར་ཡང་ཕན་ཐོགས་ཆེན་པོ་འགྲུབ་ཐུབ་ཡོད་པ་འདི་བོད་ཀྱི་རིག་གཞུང་ཡོད་པ་འདི་གཞན་ལ་ཕན་ཐོགས་འགྲུབ་ཡོད་པར་བསྔགས་བརྗོད་ཞུ་འོས་པ་རེད་ཅེས་གསུང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎