ཆོས་དབྱིངས་སྐྱིད་ལགས་ཀྱིས་ཡང་གསེར་གྱི་རྟགས་མ་བླངས་འདུག
2018.04.10
བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཕོ་ཆི་གྷལ་ནང་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་ཞིག་ཏུ་གསེར་གྱི་རྟགས་མ་བླངས་འདུག
དེ་ཡང་ཟླ་བ་འདིའི་ཚེས་༧ཉིན་ཕོ་ཆི་གྷ་ནང་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་སྐབས་སུ་སྤྱི་ལེ་༢༠འི་བུ་མོའི་འདུར་རྒྱུགས་ཁྲོད་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཆུ་ཚོད་གཅིག་དང་སྐར་མ་༢༨་སྐར་ཆ་༤གྲུབ་འབྲས་ལེགས་པོ་བླངས་ཏེ་ས་ཚིགས་དེའི་འགྲན་བསྡུར་ནང་གསེར་གྱི་རྟགས་ཡོད་པ་རེད།
ཆོས་དབྱིངས་སྐྱིད་ལགས་ནས་ད་ཐེངས་གྲུབ་འབྲས་ལེགས་པོ་བྱུང་སོང་། ད་ངས་མུ་མཐུད་དུ་ཐེ་ཚང་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་པར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་གསུང་འདུག ད་ལོའི་སྤྱི་ཟླ་ལྔ་བར་རྒྱ་ནག་ཐེ་ཚང་དུ་རྒྱལ་སྤྱིའི་འགྲན་བསྡུར་ཞིག་འཚོགས་རྒྱུ་ཡིན་འདུག
ཆོས་དབྱིངས་སྐྱིད་ལགས་སྤྱི་ལོ་༡༩༩༠ལོར་མཚོ་སྔོན་པོའི་མདའ་བཞིའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་བ་དང་། སྤྱི་ལོ་༢༠༠༨ལོར་མཚོ་སྔོན་ལུས་རྩལ་རུ་ཁག་ནང་བདམས། སྤྱི་ལོ་༢༠༡༢ལོའི་ལོན་ཊོན་ཨོ་ལེམ་ཕིའི་ཁིའི་འགྲན་བསྡུར་ཁྲོད་ཨང་གཉིས་བ་ཐོབ་སྟེ་ལོ་རྒྱུས་ཐོག་བོད་མི་ཞིག་རྒྱལ་སྤྱིའི་ཨོ་ལེམ་ཕིས་ཁིའི་རྩེད་འགྲན་ནང་ཞུགས་པ་ཐོག་མ་དེ་ཆགས་ཡོད་པ་རེད།
གསར་འགོད་པ་ལྕགས་མོ་འཚོ།