ཆོས་དབྱིངས་སྐྱིད་ཀྱིས་སི་པན་ནས་རྒྱལ་སྤྱིའི་འགྲན་བསྡུར་སྡུར་ཁྲོད་ཨང་དང་པོ་བླངས།
2018.06.05

ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཀྱིས་སི་པན་ནས་ཚོགས་པའི་རྒྱལ་སྤྱིའི་འགྲན་སྡུར་ཁྲོད་ཨང་བསྐྱར་ཨང་དང་པོ་བླངས་འདུག
དེ་ཡང་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། སྤྱི་ཟླ༦པའི་ཚེས༢ཉིན། རྒྱལ་སྤྱིའི་མཆོང་རྒྱུག་འགྲན་སྡུར་སི་པན་གྱི་ཨ་ཁོ་རོའུ་ནཱ( A Coruña)་ནས་ཚོགས་ཤིང་། བོད་རིགས་ལུས་རྩལ་བ་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་སྤྱི་ལེ༢༠་འི་འདུར་རྒྱུག་འགྲན་སྡུར་ཁྲོད་དུས་ཡུན་ཆུ་ཚོད༡སྐར་མ་༢༦་སྐར་ཆ༢༨་ལ་རྒྱུག་ནས་ཨང་དང་པོ་བླངས་འདུག་ལ་དེ་ནི་ཁོ་མོ་སྒེར་གྱི་འདུར་རྒྱུག་གི་སྐར་འབྲས་ཡང་ཆེས་བཟང་བ་ཡིན་འདུག
ཆོས་དབྱངས་སྐྱིད་ལགས་ཀྱིས་གསར་འགོད་པར། ངས་དང་པོ་ནས་སྤྱི་ལེ་ཉི་ཤུ་ཆུ་ཚོད་གཅིག་དང་སྐར་མ་ ༢༧ ལས་མི་འགོར་རྒྱུ་དམིགས་ཚད་བཟུང་བ་ཡིན་ལ་དམིགས་ཚད་ལྟར་གྲུབ་འབྲས་ཡག་པོ་བྱུང་སོང་ཅེས་བརྗོད་འདུག དེ་བཞིན་རྒྱལ་སྤྱིའི་མཆོང་རྒྱུག་ལུས་རྩལ་འགྲན་ཚོགས་ཀྱི་དྲ་བའི་སྟེང་ཆོས་དབྱིངས་སྐྱིད་ཀྱི་རྒྱུག་རྩལ་བསྟོད་བསྔགས་བྱས་ཡོད་འདུག
གནས་ཚུལ་ལྟར་ན། མི་རིང་བའི་སྤྱི་ཟླ་༨་པའི་ནང་ཡང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཞིག་ལ་ཆོས་དབྱིངས་སྐྱིད་མཉམ་ཞུགས་བྱེད་རྒྱུ་ཡིན་པ་རེད།
ཆོས་དབྱིངས་སྐྱིད་ལགས་ཀྱི་འདས་བའི་ལོ་ངོ་མང་པོའི་ནང་རྒྱལ་སྤྱིའི་རྒྱལ་ནང་གི་འགྲན་སྡུར་རིམ་པའི་ཁྲོད་གསེར་དང་དངུལ་གྱི་རྟགས་མ་ཐེངས་མང་བླངས་མྱོང་བ་དང་། ༢༠༡༨་ལོ་གཅིག་པུའི་ནང་རྒྱལ་སྤྱི་རང་བཞིན་གྱི་ཨང་དང་པོའི་གཟེངས་རྟགས་གསུམ་བླངས་ཡོད་ལ་ སྤྱི་ལོ་ ༢༠༡༢ ལོར་ལོན་ཊོན་ལ་ཚོགས་པའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཐོག་ཨང་གཉིས་པའི་དངུལ་གྱི་རྟགས་མ་བླངས་ཡོད།
ཆོས་དབྱིངས་སྐྱིད་ལགས་ནི། ཕྱི་ལོ་ ༡༩༩༠ ཟླ་ ༡༡ ཚེས་ ༡༡ ཉིན་མདོ་སྨད་མཚོ་སྔོན་མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་སྡེ་བ་རུ་སྐྱེས་བ་ཡིན་འདུག
གསར་འགོད་པ་ཀླུ་འབུམ།