ཆོས་དབྱིངས་སྐྱིད་ཀྱིས་ཡང་སྤྱི་ལེ་ཉི་ཤུའི་འདུར་རྒྱུག་ཁྲོད་ཨང་དང་པོ་བླངས་འདུག
2019.04.08
ཆོས་དབྱིངས་སྐྱིད་ལགས་ཀྱིས་༢༠༡༩ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་འདུག
དེ་ཡང་བོད་ནང་གི་གསར་ལམ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན། ༢༠༡༩ ལོའི་ཟླ་བཞི་པའི་ཚེས་༦ཉིན། འདུར་རྒྱུག་ལུས་རྩལ་ནང་གྲགས་ཅན་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཆུ་ཚོད་གཅིག་དང་སྐར་མ་ ༢༩ དང་སྐར་ཆ་གཅིག་གི་གྲུབ་འབྲས་ཀྱི་རྩེ་མོར་སོན་ནས་༢༠༡༩ ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་སྡུར་ཕོར་ཆི་གྷལ་(Portugal)ས་ཚིགས་སྤྱི་ལེ་ཉི་ཤུ་ཡི་སྐྱེས་མའི་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་པ་དང་། འདི་ནི་ཁོ་མོས་འགྲན་བསྡུར་རྣམ་གྲངས་འདིའི་ཐོག་ནས་ཨང་དང་པོ་བླངས་པ་ཐེངས་གསུམ་པ་དེ་ཡིན་པ་རེད།
གཞན་ཡང་(Ukraine)གྱི་འགྲན་ཞུགས་པ་(Unankashe)ཨང་གཉིས་པ་དང་།
(Colombia)འགྲན་ཞུགས་པ་(Santik Alina silan)ཨང་གསུམ་པ་བླངས་འདུག
ཁོང་ཕྱི་ལོ་ ༢༠༡༨ ལོར་ཡང་གོང་ཞུས་(Portugal)ཡུལ་ནང་གི་རྒྱལ་སྤྱིའི་རྩེད་འགྲན་དེར་འདུར་རྒྱུགས་ནང་ཨང་དང་པོ་བླངས་གནང་ཐུབ་པ་བྱུང་ཡོད་འདུག གཞན་ཡང་ཁོང་མོས་ཕྱི་ལོ་ ༢༠༡༢ ལོའི་ལོན་ཊོན་ཨོ་ལོམ་པིཀ་རྩེད་འགྲན་ནང་དངུལ་གྱི་རྟགས་མ་བླངས་ཡོད།
ཆོས་དབྱིངས་སྐྱིད་ལགས་ནི། ཕྱི་ལོ་ ༡༩༩༠ ཟླ་ ༡༡ ཚེས་ ༡༡ ཉིན་མདོ་སྨད་མཚོ་སྔོན་མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་སྡེ་བ་རུ་སྐྱེས་བ་ཡིན་འདུག