རྒྱལ་སྤྱིའི་གནས་སྟངས་ངེས་གཏན་མེད་པའི་འོག་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག

2025.03.06
རྒྱལ་སྤྱིའི་གནས་སྟངས་ངེས་གཏན་མེད་པའི་འོག་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག ལོ་རེའི་ཚོགས་ཆེན་གཉིས་ཀྱི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུའི་ཟུར་དུ་ཚོགས་པའི་གསར་འགོད་ལྷན་ཚོགས་སྐབས། ༢༠༢༥།༣།༦
AFP

དེ་ཡང་རྒྱ་ནག་གཞུང་གིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་ལ་རྒྱལ་ནང་གི་འགྲོ་གྲོན་ཇེ་མང་དང་སྐྱེད་ཀ་ཇེ་ཉུང་དུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་དལ་མོ་ཆགས་བཞིན་པའི་དཀའ་ངལ་སེལ་ཐབས་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། རྒྱལ་སྤྱིའི་ཁོར་ཡུག་ནང་གནས་སྟངས་ངེས་གཏན་མེད་པའི་གནས་སྟངས་ཇེ་ཆེར་འགྲོ་བ་དང་། དེ་བཞིན་རྒྱ་ནག་རྒྱལ་ནང་གི་དགོས་མཁོ་མི་འདང་བའི་གནས་སྟངས་ཀྱི་རྐྱེན་པས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པའི་སྐོར་ཕྱི་ཟླ་གསུམ་པའི་ཚེས་བཞི་རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཤིག་གིས་བཤད་ཡོད་འདུག
རྒྱ་ནག་གཞུང་གིས་གཟའ་འཁོར་འདིའི་ནང་ལོ་རེའི་དཔལ་འབྱོར་བརྒྱ་ཆ་ལྔ་ཙམ་གྱི་འཕར་སྣོན་དམིགས་ཚད་ཞིག་བཟོས་ཡོད་པ་དང་། རྒྱ་ནག་ནི་དངོས་ཟོག་ཕྱིར་ཚོང་གི་ཐད་ལ་ཨ་རི་དང་ཚོང་གི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པ་དེས་རྒྱ་ནག་གི་ཕྱིར་ཚོང་གི་ལས་དོན་ལ་གནོད་སྐྱོན་ཐེབས་ཡོད་པ་བརྟེན་ནས་རྒྱ་ནག་གཞུང་གིས་རྒྱལ་ནང་གི་དངོས་ཟོག་གི་དགོས་མཁོ་དེ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཡུལ་གཙོ་བོར་བསྒྱུར་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།
ཨ་རིའི་སྲིད་འཛིན་ཌོལ་ནལཌི་ཊམཔ་ (Donald Trump) ཡིས་ཕྱི་ཟླ་གཉིས་པའི་ནང་རྒྱ་ནག་གི་དངོས་ཟོག་ཨ་རིའི་ནང་ནང་འདྲེན་གྱི་དངོས་ཟོག་ལ་སྒོ་ཁྲལ་སྤར་བའི་རྗེས་བདུན་ཕྲག་འདིའི་ནང་གཅིག་མཚུངས་རྒྱ་ནག་གིས་ཨ་རིའི་དངོས་ཟོག་ནང་འདྲེན་ཐོག་སྒོ་ཁྲལ་མང་དུ་བཏང་ཡོད་པ་རེད། འོན་ཀྱང་རྒྱ་ནག་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བཅོས་བསྒྱུར་ལས་ཁང་གི་འགོ་ཁྲིད་ཀྲང་ཧྲིན་ཅེ (Zheng Shanjie) ཡིས་རྒྱ་ནག་གི་ལོ་རེའི་ཚོགས་ཆེན་གཉིས་ཀྱི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུའི་ཟུར་དུ་ཚོགས་པའི་གསར་འགོད་ལྷན་ཚོགས་ཐོག་ལ། རྒྱ་ནག་ཕྱོགས་ནས་འདི་ལོ་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ཟིན་ཐུབ་པའི་ཡིད་ཆེས་ཆ་ཚང་ཡོད་པའི་སྐོར་བཤད་ཡོད་ཀྱང་། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་དེ་ནི་རྒྱལ་སྤྱིའི་ཁོར་ཡུག་གི་གནས་སྟངས་ངེས་མེད་རང་བཞིན་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་པ་ངོས་ལེན་བྱས་ཡོད་ལ། ད་དུང་རྒྱ་ནག་རྒྱལ་ནང་གི་དགོས་མཁོ་མི་འདེང་བ་དང་། ཐོན་སྐྱེད་དང་བཟོ་སྐྲུན་ཐད་ལ་དཀའ་ངལ་འཕྲད་བཞིན་པ། དེ་བཞིན་བཟོ་ལས་དང་ཁེ་ལས་ཁ་ཤས་ལའང་དཀའ་ངལ་འཕྲད་བཞིན་ཡོད་པ་བཤད་ཡོད་པ་རེད།།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎