དཔལ་འབྱོར་ཉམས་རྒུད་ལ་གདོང་ལེན་ཆེད་ཁུ་བྷ་ཡིས་རྒྱ་ནག་དང་འབྲེལ་ལམ་འཛིན་རྒྱུར་ཤུགས་སྣོན་རྒྱག་གི་ཡོད་འདུག

2024.10.31
དཔལ་འབྱོར་ཉམས་རྒུད་ལ་གདོང་ལེན་ཆེད་ཁུ་བྷ་ཡིས་རྒྱ་ནག་དང་འབྲེལ་ལམ་འཛིན་རྒྱུར་ཤུགས་སྣོན་རྒྱག་གི་ཡོད་འདུག རྒྱ་ནག་དང་ཁུ་བྷ་(Cuba)་གཉིས་ཀྱི་རྒྱལ་དར།
སྒྲིག་བཟོ། / REUTERS

དཔལ་འབྱོར་ཉམས་རྒུད་ལ་གདོང་ལེན་བྱེད་དགོས་པའི་གནས་སྟངས་འོག་ཁུ་བྷ་ཡིས་རྒྱ་ནག་དང་འབྲེལ་ལམ་འཛིན་རྒྱུར་ཤུགས་སྣོན་རྒྱག་གི་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། ཁུ་བྷ་(Cuba)་གླིང་ཕྲན་དུ་དཔལ་འབྱོར་གྱི་དཀའ་ངལ་ཚབས་ཆེར་འཕྲད་བཞིན་བའི་གནས་སྐབས་འདིར་ཕྱི་ཕྱོགས་ཀྱི་རོགས་རམ་དགོས་གལ་ཆེན་པོ་ཆགས་ཡོད་པར་བརྟེན། རྒྱ་ནག་དང་འབྲེལ་ལམ་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་ཚུལ་ཆགས་ཡོད་ཀྱང་། ཁུ་བྷའི་དཔལ་འབྱོར་གྱི་གནས་སྟངས་སྐྱོ་བའི་སྟབས་ཀྱིས་གླིང་ཕྲན་དེ་དང་རྒྱ་ནག་བར་གྱི་མཉམ་ལས་ལ་མངོན་གསལ་གྱིས་འགོག་རྐྱེན་འཕྲད་ཡོད། ཁུ་བྷའི་དཔལ་འབྱོར་རྒྱུན་གནས་ཡོང་བར་ཕྱིའི་རོགས་རམ་ལ་བརྟེན་དགོས་ཀྱི་ཡོད་པའི་གནས་སྟངས་འདིའི་འོག་རྒྱ་ནག་དང་འབྲེལ་བ་འཛིན་རྒྱུ་དམིགས་བསལ་ཛ་དྲག་ཏུ་གྱུར་ཡོད་པའི་དུས་སྐབས་འདི་འདྲ་ཞིག་ལ། རྒྱ་ནག་དང་ཁུ་བྷ་ཕྱོགས་གཉིས་ཀས་མཉམ་འབྲེལ་གྱི་ལས་འཆར་སྤེལ་གྱི་ཡོད་ཀྱང་། ཁུ་བྷའི་དཔལ་འབྱོར་གྱི་གནས་སྟངས་བརྟན་པོ་མེད་པའི་རྐྱེན་གྱིས་དམར་ཕྱོགས་རྒྱལ་ཁབ་འདི་གཉིས་ཀྱི་དཔལ་འབྱོར་གྱི་འབྲེལ་བར་དཀའ་ཚགས་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་ཁུ་བྷའི་དཔལ་འབྱོར་རིག་པ་བ་ཨོ་མཱར་ཨེ་ཝིར་ལེ་ནི་ཡིས་ནན་གྱིས་བརྗོད་ཡོད་པ་དང་ཆབས་ཅིག གལ་ཏེ་རྒྱ་ནག་གིས་ཆབ་སྲིད་ཀྱི་ཐད་ནས་ཁུ་བྷ་ལ་རྒྱབ་སྐྱོར་བྱས་ཚེ། ཁུ་པའི་དཔལ་འབྱོར་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་སྲིད་པ་རེད། ཡིན་ན་ཡང་རྒྱལ་ཁབ་འདི་གཉིས་ཀྱི་དཔལ་འབྱོར་ལམ་ལུགས་ཀྱི་སྒྲོམ་གཞི་གཅིག་མཚུངས་མིན་ཙང་། ཁུ་བྷའི་ཕྱོགས་ནས་རྒྱ་ནག་ནང་བཞིན་ཁྲོམ་རྭའི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་ཡིན་པའི་བསམ་ཚུལ་བཏོན་འདུག གང་ལྟར་ཁུ་བྷ་ཡིས་ཚན་རྩལ་དང་དཔལ་འབྱོར་ཁྱབ་ཁོངས་ཀྱི་གནད་དོན་གཙོ་བོ་ཁག་གི་ཐད་རྒྱ་ནག་གི་རྒྱབ་སྐྱོར་འཚོལ་བཞིན་པའི་སྐབས་འདིར་རྙོག་འཛིང་ཇེ་ཆེར་འགྲོ་བཞིན་པའི་ས་ཁམས་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཁྲོད་ཕྱི་ནང་གཉིས་ཀའི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་ཅེས་(Radio Marti)་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་འདུག།


གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎