ཡུ་གུར་བཙོན་ཟུར་རྣམས་ཁེ་ན་ཌར་སྐྱབས་བཅོལ་ཞུ་དོན་སྐོར།

རྒྱ་ནག་ནས་ཁེ་ན་ཌའི་གཞུང་ལ་ཡུ་གུར་བཙོན་ཟུར་རྣམས་སྐྱབས་བཅོལ་དུ་མ་ལེན་རོགས་གནང་ཞེས་འབོད་སྐུལ་ཞུས་འདུག

2009.02.05

༄༅༎རྒྱ་ནག་ནས་ཁེ་ན་ཌའི་གཞུང་ལ་ཡུ་གུར་བཙོན་ཟུར་རྣམས་སྐྱབས་བཅོལ་དུ་མ་ལེན་རོགས་གནང་ཞེས་འབོད་སྐུལ་ཞུས་འདུག

དེ་སྔ་ཨ་རིའི་དགུ་པའི་བཅུ་གཅིག་གི་དོན་རྐྱེན་བྱུང་བའི་རྗེས་དོགས་གཞི་ཅན་གྱི་མི་སྣ་མང་པོ་ཞིག་འཛིན་བཟུང་གིས་ད་བར་གོན་ཏ་ན་མོ་ཞེས་པའི་མངའ་ཁུལ་གྱི་བཙོན་ཁང་ནང་བཞག་ཡོད་ཀྱང་ཉེ་ཆར་ཨ་རིའི་སྲིད་འཛིན་གསར་པ་ཨོ་སྦ་མ་མཆོག་ནས་དེ་དག་རིམ་པས་སྒོ་རྒྱབ་རྒྱུའི་བཀའ་བཏང་གནང་ཡོད་པ་རེད།

དེའི་ཁོངས་ནས་རྒྱ་ནག་གི་ཁོངས་གཏོགས་ཡོད་པའི་ཤིན་ཅང་གི་ཡུ་གུར་མི་རིགས་ཁག་ཅིག་ཡོད་པ་དེ་དག་ཨ་རིའི་ངོས་ནས་གློད་བཀྲོལ་བཏང་ཟིན་ཡོད་ཀྱང་ཁོང་ཚོ་ཁག་ཅིག་ཁེ་ན་ཌར་སྐྱབས་བཅོལ་ཞུས་ཡོད་པ་རེད། འོན་ཀྱང་དེ་རིང་ཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ཇེང་ཡུས་ང་ཚོའི་ངོས་ནས་ཁེ་ན་ཌའི་གཞུང་ལ་གོན་ཏ་ན་མོ་ནང་ཡོད་པའི་རྒྱ་མིའི་འཇིགས་སྐུལ་དྲག་སྤྱོད་པ་དེ་དག་གི་སྐོར་གསལ་པོ་ཞུས་ཡོད་ལ་ཁོང་ཚོ་རྒྱལ་ཁབ་སུ་འདྲ་ཞིག་ནས་སྐྱབས་བཅོལ་ངོ་བོར་ངོས་ལེན་བྱེད་ན་འགྲིགས་ཀྱི་མེད་ཅེས་འགྲེལ་བརྗོད་བྱས་ནས་གང་ལྟར་ཡུ་གུར་ཁ་ཆེའི་མི་རིགས་དེ་དག་ཁེ་ན་ཌའི་གཞུང་ནས་སྐྱབས་བཅོལ་ལེན་མི་ཆོག་པ་མ་ཟད་རྒྱལ་ཁབ་གཞན་ལའང་ཉེན་བརྡ་བཏང་ཡོད་པ་རེད།

འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་ནས་ཁེ་ན་ཌའི་སྲིད་བློན་མཆོག་གི་མཚན་ཐོག་སྙན་ཞུ་ཕུལ་ཡོད་པ་དེའི་ནང་ཁེ་ན་ཌའི་ནང་སྐྱབས་བཅོལ་ལེན་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

རྒྱ་ནག་གཞུང་ནས་ཡུ་གུར་ཁ་ཆེའི་མི་རིགས་དེ་དག་རྒྱ་ནག་ལ་ཕྱིར་ལོག་བརྩིས་སྤྲོད་དགོས་ལུགས་བཤད་ཀྱི་ཡོད་པ་རེད། ཡིན་ནའང་གལ་སིད་དེ་ལྟེར་བྱས་པ་ཡིན་ན་ཁོང་ཚོར་རྒྱ་ནག་གཞུང་ནས་སླར་ཡང་དྲག་གནོན་བྱེད་རྒྱུའི་ཉེན་ཁ་ཡོད་ལུགས་ཡུ་གུར་མི་རིགས་ཚོ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་སེམས་འཚབ་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎