རྒྱ་ནག་ནང་སྨན་རིགས་གཅིག་བེད་སྤྱོད་བྱ་རྒྱུ་མཚམས་འཇོག

རྒྱ་ནག་ནང་གཅིན་པ་མངར་འགྱུར་གྱི་ནད་གཞིའི་ཐོག་བེད་སྤྱོད་བྱེད་ཡས་ཀྱི་སྨན་དེ་རིགས་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་བྱ་དགོས་པའི་བཀའ།

2009.01.31

༄༅༎རྒྱ་ནག་ནང་གཅིན་པ་མངར་འགྱུར་གྱི་ནད་གཞིའི་ཐོག་བེད་སྤྱོད་བྱེད་ཡས་ཀྱི་སྨན་བཏང་བའི་རྐྱེན་གྱིས་ནད་པ་གཉིས་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་ཐོན་པའི་རྗེས་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གིས་རྒྱ་ནག་ཁྱོན་ཡོངས་སུ་སྨན་དེ་རིགས་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་བྱ་དགོས་པའི་བཀའ་བརྒྱ་བཏང་ཡོད་པ་རེད། གོང་གསལ་གཅིན་པ་མངར་འགྱུར་གྱི་ནད་གཞི་བཅོས་ཐབས་སུ་བེད་སྤྱོད་བྱེད་ཡས་ཀྱི་སྨན་དེ་ནི་རྒྱ་ནག་གོང་ཤིའི་བིང་ནན་སྨན་རྫས་བཟོ་གྲྭའི་ལས་རྟགས་འཁོད་པའི་སྨན་གྱི་རིགས་ཡིན་པ་དང་ཡིན་ནའང་སྨན་དེ་རིགས་བཟོ་གྲྭ་དེ་རང་ནས་བཟོས་པ་ཞིག་མིན་པའི་སྐོར་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གིས་གཟའ་པ་སངས་ཉིན་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་ནང་འཁོད་ཡོད་པ་དང་སྨན་དེ་རིགས་ཀྱིས་ཤིན་ཅང་ས་གནས་ནང་ནད་པ་གཉིས་རྐྱེན་འདས་སུ་ཕྱིན་ཡོད་པ་རེད། རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གིས་ནད་པ་རྐྱེན་འདས་སུ་གྱུར་བའི་སྨན་དེ་རིགས་ཀྱི་སྤུས་ཚད་སོགས་ལ་རྒྱ་ནག་སྨན་རྫས་བརྟག་དཔྱད་ལས་ཁང་གིས་བརྟག་དཔྱད་བྱ་དགོས་པའི་བཀའ་བཏང་ཟིན་པ་དང་རྒྱ་ནག་ནང་ཉེ་བའི་ཆར་སྨན་དང་གཟའ་ཆས་ཀྱི་རིགས་ནང་རྫས་སྡུག་སོགས་བསྲེས་ལྷད་བཏང་བའི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་པར་བརྟེན་ནས་རྒྱ་ནག་གཞུང་གིས་གནད་དོན་དེའི་ཐོག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་མ་ཟད་ཟླ་བ་འདིའི་ཟླ་སྟོད་དུ་རྒྱ་ནག་གཞུང་གིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་རྒྱ་ནག་ནང་ཁྲིམས་འགལ་ཐོག་ནས་སྨན་བཟོ་སྐྲུན་དང་བེད་སྤྱོད་བྱེད་མཁན་གྱི་གྱོད་གཞི་ཁྲི་ཉི་ཤུ་རྩ་དགུ་ལྷག་ཙམ་བྱུང་ཡོད་པའི་གྲངས་འབོར་ཕྱིར་བསྒྲགས་བྱས་ཡོད་པ་དང་འབྲེལ་དེང་སྐབས་འཛམ་གླིང་སྤྱིའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པ་དེས་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ལ་ཡང་ཤུགས་རྐྱེན་ངན་པ་ཐེབས་ནས་རྒྱ་ནག་ནང་མ་འོངས་ཕྱི་ལོ་ཉིས་སྟོང་དགུ་ལོའི་དཔལ་འབྱོར་གནས་སྟངས་དེ་བས་སྡུག་ཏུ་འགྲོ་སྲིད་པར་བརྟེན་ནས་སྨན་དང་བཟའ་ཆའི་རིགས་རྫུན་བཟོ་དང་བསྲེས་ལྷད་བཏང་བའི་གྱོད་དོན་དེ་བས་མང་དུ་འགྲོ་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎