འདྲ་པར་ཚོང་བསྒྱུར་གྱི་རིན་འབབ་བོད་ཁྱིམ་ལ་ཞལ་འདེབས།

ཨ་རིའི་ཚོང་པ་ཞིག་གིས་འདྲ་པར་ཚོང་སྒྱུར་གནང་ནས་བསྡུ་རུབ་གནང་བའི་དངུལ་དེ་བཞིན་བོད་ཕྲུག་ཁྱིམ་སྡེར་ཞལ་འདེབས་གནང་ཡག་རེད་འདུག

2011.01.31

༄༅༎ཨ་མི་རི་ཀའི་ཀོ་ལོ་ར་ཌོ་མངའ་སྡེའི་སྦེརེ་ཀེན་རིཇ་གྲོང་ཚོའི་ནང་གི་བོད་ཀྱི་རྒྱ་མཚོ་བྱུག་པ་ཁང་གིས་ཀྲི་མེ་ཐི་ཕོ་རོསིཏ་ཡིས་པར་ལེན་གནང་བའི་བོད་ཀྱི་པར་གྱི་འགྲེམས་སྟོན་ཞིག་གནང་བ་དང་འབྲེལ་འདྲ་པར་ཚོང་སྒྱུར་གནང་ནས་བསྡུ་རུབ་གནང་བའི་དངུལ་དེ་བཞིན་བོད་ཕྲུག་ཁྱིམ་སྡེར་ཞལ་འདེབས་གནང་ཡག་རེད་འདུག།

རྒྱ་མཚོ་བྱུག་པ་ཁང་གི་བདག་པོ་ཇུ་ལི་ཕི་རིདྲ་མེན་དང་ཁོང་གི་བཟའ་ཟླ་བོད་ཤར་ཕྱོགས་ནས་ཡིན་པའི་བོད་མི་ལྦང་ཁོ་གཉིས་ཀྱིས་པར་པ་ཀྲི་མེ་ཐི་ཕོ་རོསིཏ་ཡིས་རྒྱབ་པའི་པར་གྱི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་ནས། པར་ཚོང་སྒྱུར་བྱས་པའི་ཡོང་འབབ་ཨ་སྒོར་༣༠༠བྱུང་བ་དེ་དག་རྡ་ས་བོད་ཕྲུག་ཁྱིམ་སྡེར་ཞལ་འདེབས་འབུལ་རྒྱུ་ཡིན་པ་དང༌། ལྦང་ཁོ་ཡི་སྤུན་མཆེད་ཕྲུ་གུ་གཉིས་བོད་ཕྲུག་ཁྱིམ་སྡེའི་ནང་སློབ་སྦྱོང་བྱ་མུས་ཡིན་པ་རེད། ལྦང་ཁོ་ལགས་ཀྱིས་བོད་ཕྲུག་ཁྱིམ་སྡེ་ནི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་མཁན་གྱི་བོད་པའི་སློབ་གྲྭ་གལ་ཆེ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བཞག།

པར་པ་ཀྲི་མེ་ཐི་ནི་རྒྱལ་སྤྱིའི་པར་གྱི་དུས་དེབ་ཆེ་ཁག་National Geography དང་Outsideདུས་དེབ་སོགས་ཀྱི་ནང་པར་འགྲེམས་སྤེལ་གནང་ནས་ཕུལ་བྱུང་གཟེངས་རྟགས་ཐོབ་གནང་མཁན་གྱི་པར་པ་ཞིག་ཡིན་པ་དང༌། ༢༠༠༩ལོར་ཁོང་གིས་བོད་ལ་ཕེབས་ནས་བོད་ཀྱི་གྲོང་གསེབ་དང་དགོན་པ་མང་པོ་མཇལ་ཡོད་པ་མ་ཟད། གངས་རི་ཇོ་མོ་གླང་མའི་རི་རྩེར་ཡང་འཛེགས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎