གནམ་གཤིས་འགྱུར་ལྡོག་གིས་དོ་ཕོག་ཆེ་ཤོས་བྱུང་བའི་ཡུལ་སྐོར།

བལ་ཡུལ་དང་སྦང་ལ་རྡེ་ཤེ་གཉིས་ནས་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་དོ་ཕོག་ཆེ་ཤོས་ཐེབས་རྒྱུའི་ཉེན་བརྡ་བཏང་བ་ཡོད་པ་རེད།

2009.12.17

༄༅༎བལ་ཡུལ་དང་སྦང་ལ་རྡེ་ཤེ་གཉིས་ནས་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་དོ་ཕོག་ཆེ་ཤོས་ཐེབས་རྒྱུའི་ཉེན་བརྡ་བཏང་བ་དང་ཆབས་ཅིག་འཛམ་གླིང་ལ་སྔོན་འགོག་གི་ལས་དོན་སྤེལ་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་འདུག

དྲེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧེ་གེན་ནང་དེང་སང་འཛམ་གླིང་གི་རྒྱལ་ཁབ་བརྒྱ་ལྷག་ཙམ་གྱི་དབུ་འཁྲིད་ཚོ་སའི་གོ་ལའི་གནམ་གཤིས་ཚ་དྲོད་འགྱུར་ལྡོག་གི་གནད་དོན་ཐོག་ཚོགས་འདུ་གནང་བཞིན་ཡོད་པ་དང་། སྐབས་དེར་སྦང་ལ་རྡེ་ཤེའི་སྲིད་བློན་མཆོག་གིས་འཛམ་གླིང་ནང་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་པ་དེས་གྱོང་གུན་ཆེ་ཤོས་ང་ཚོར་ཕོག་གི་ཡོད་པ་ནི་ལོ་ལྟར་རྒྱ་མཚོའི་མཐོ་ཚད་འགྱུར་བ་འགྲོ་གི་ཡོད་ཙང་ཉ་པ་ཚོའི་འཚོ་བའི་རྟེན་གཞིར་གནོད་སྐྱོན་བཟོ་གི་ཡོད་པས་མ་ཟད་ཆུ་ལོག་གི་ཉེན་ཁ་ཆགས་ཀྱི་ཡོད་ལུགས་གསུངས་ནས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོར་མཁའ་རླུང་སྦག་བཙོག་ཐོག་དོ་སྣང་ཆེ་ཙམ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་འདུག

དེ་དང་ཕྱོགས་མཚུངས་བལ་ཡུལ་གྱི་སྲིད་བློན་མཆོག་གིས་ཧི་མ་ལ་ཡའི་གངས་རིའི་འཁྱགས་རོམ་མྱུར་ཚད་ཆེན་པོའི་ཐོག་ནས་བཞུར་འགྲོ་གི་ཡོད་པ་དེས་མ་འོངས་པའི་མི་རབས་ཙམ་མ་ཡིན་པར་ཧི་མ་ལ་ཡའི་རི་བརྒྱུད་དུ་གནས་པའི་མི་མང་ཚོའི་འཚོ་བའི་རྟེན་གཞིར་ཡང་རང་བཞིན་གྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་རེད་ཅེས་གསུངས་ནས་ཉེན་བརྡ་བཏང་ཡོད་པ་བཅས་རྒྱལ་ཁབ་སྟོབས་ཆེ་བ་ཚོར་སྔོན་འགོག་གི་ལས་དོན་སྤེལ་དགོས་པའི་སྐུལ་མ་ཞུས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎