ཆི་ལེའི་གཏེར་ཁ་སྔོག་འདོན་པ་རྣམས་སྐད་གྲགས་ཅན་དུ་གྱུར་བ།

ཆི་ལེའི་གཏེར་ཁ་སྔོག་འདོན་བྱེད་མཁན་ལས་བཟོ་བ་༣༣ཚང་མ་བདེ་ཐང་ངང་ས་འོག་ནས་བཏོན་ཐུབ་པའི་རྗེས་སྐད་གྲགས་ཅན་དུ་གྱུར་བ།

2010.10.17

༄༅༎ཆི་ལེའི་ཡུལ་གྱི་གཏེར་ཁ་སྔོག་འདོན་བྱེད་མཁན་ལས་བཟོ་བ་༣༣ཞག་མ་༦༣ས་འོག་ཏུ་ལུས་པའི་རྗེས། ཚང་མ་བདེ་ཐང་ངང་ས་འོག་ནས་བཏོན་ཐུབ་པའི་རྗེས་སུ་འཛམ་གླིང་ཁྱོན་ཡོངས་དང་དམིགས་བསལ་ཆི་ལེ་མི་དམངས་ཚོས་ཆི་ལེ་སྲིད་འཛིན་གྱི་ཕྱག་ལས་ལ་སྔགས་བརྗོད་བྱེད་པ་མ་ཟད། ལས་བཟོ་བ་༣༣ཡང་སྐད་གྲགས་ཅན་དུ་གྱུར་སྟེ། མི་དམངས་ཀྱི་དོ་སྣང་དང་དགའ་མོས་ཆེན་པོ་བྱེད་བཞིན་ཡོད་པ་རེད།

དེ་ཡང་ལས་བཟོ་བ་༣༣རྣམས་ཆ་ཚང་ས་འོག་ནས་རེས་གཟའ་ལྷག་པའི་ཉིན་བཏོན་པའི་རྗེས། སྨན་ཁང་དུ་ཐད་ཀར་བརྟག་དཔྱད་བྱེད་པར་ཁྲིད་པ་དང༌། རེས་གཟའ་པ་སངས་ཉིན་ལས་བཟོ་བ་༣༣ནང་ནས་༣༡སྨན་ཁང་ནས་ཁྱིམ་ཚང་དུ་ལོག་བཏང་སྟེ་ནང་མི་མཉམ་འཛོམས་བྱུང་བ་དང༌། དེ་རྗེས་ལས་བཟོ་གཅིག་རེས་གཟའ་སྤེན་པའི་ཉིན་ཁྱིམ་ཚང་དུ་ལོག་བཏང་ཡོད་། ཡིན་ནའང་ད་དུང་གཅིག་སྨན་ཁང་དུ་སོའི་སྨན་བཅོས་བྱེད་པར་མུ་མཐུད་ཉར་ཡོད་ཀྱང་རེས་གཟའ་མིག་དམར་ཉིན་སྨན་བཅོས་ཆ་ཚང་གྲུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད། ལས་བཟོ་བ་དེ་རྣམས་ཁྱིམ་ཚང་དུ་ཕྱིན་ལོག་བྱེད་པའི་སྐབས། དགའ་སྤྲོས་ཁེངས་པའི་ནང་མི་དང་དགའ་ཉེ་སོགས་ཀྱིས་བསུ་བ་བྱེད་པ་དང་ཁོང་ཚོ་ཡང་བར་ལམ་ཟླ་བ་གཉིས་ལྷག་རིང་ས་འོག་ཏུ་ཚུད་པ་ན་བཟུང་འཛམ་གླིང་ཡོངས་ནས་དོ་སྣང་ཆེར་པོ་བྱས་ཏེ། ཁོང་ཚོའི་ཐོག་ལ་དམིགས་བསལ་གྱི་གསར་འགྱུར་ལས་རིགས་ཀྱི་དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎